ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་ཕྷི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱིས་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་ལྷན་དུ་མཇལ་འཕྲད།


ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༠ ཉིན་ལྷོ་ཨ་ཕྷི་རི་ཀའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་ཡུལ་དེའི་ཨིན་ཀ་ཐ་རང་དབང་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་དུ་བཀའ་གྲོས་གནང་འདུག ཚོགས་འདུ་དེ་བཞིན་ལྷོ་ཨ་ཕྷི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་གསར་པ་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་སྤེལ་སླད་བོད་དོན་ངོ་སྤྲོད་ཀྱི་ལྷན་ཚོགས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་ལྷོ་ཨ་ཕྷི་རི་ཀའི་ཨིན་ཀ་ཐ་རང་དབང་ཚོགས་པའི་ཚོགས་གཙོ་རྒྱལ་སྲས་མོན་གོ་སུ་ཏུ་བྷུ་ཐེ་ལེ་ཛི་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་སྐུ་ཞབས་ན་རེན་སིངྒ་མཆོག སོགས་དང་མཇལ་འཕྲད་གནང་འདུག ལྷན་ཚོགས་སྐབས་སྐུ་ཚབ་དོན་གཅོད་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་པའི་རྐྱེན་གྱིས་དེང་སྐབས་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༣༢ ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་པའི་སྐོར་དང་། ཕྱོགས་མཚུངས་སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་དཀའ་རྙོག་སེལ་ཆེད་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བྱེད་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་སྐོར་སོགས་ཞིབ་ཕྲ་གསུངས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱིས་དམ་འཛིན་བྱེད་པའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྱི་ཡིག་ཆ་ཁག་འགྲེམས་སྤེལ་གནང་འདུག

XS
SM
MD
LG