ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་དབུས་གཞུང་གི་ལས་ཁུངས་ལ་གོམ་བགྲོད་བྱས་པ།


ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་ས་གནས་དེའི་གཞུང་ལམ་ཁག་གི་ནང་བདུན་ཕྲག་དྲུག་ཙམ་ཞིག་གི་རིང་ས་གནས་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་རྗེས་། རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་ནང་ཡོད་པའི་རྒྱ་ནག་དབུས་གཞུང་གི་ལས་ཁུངས་ཕྱོགས་སུ་གོམ་བགྲོད་བྱས་ཏེ་རྒྱ་ནག་གཞུང་གི་མཐོ་རིམ་མི་སྣ་ཁག་དང་ཐད་ཀར་གྲོས་མོལ་བྱེད་དགོས་པའི་དགོས་འདུན་བཏོན་ཏེ་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་ རྒྱ་ནག་གཞུང་གིས་འབྱུང་འགྱུར་ཕྱི་ལོ་༢༠༡༧ལོའི་ནང་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཀྱི་འོས་མི་རྣམས་རྒྱ་ནག་གཞུང་ལ་དགའ་ཞེན་བྱེད་མཁན་ཚོགས་ཆུང་ཞིག་གིས་འདེམས་བསྐོ་བྱ་རྒྱུའི་གསལ་བསྒྲགས་བྱས་པར་བརྟེན་ ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་མི་མང་གིས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་དགོས་འདུན་བཏོན་ཏེ་སློབ་ཕྲུག་གཙོ་བོར་གྱུར་བའི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་ཕྱི་ཟླ་༩པའི་ཚེས་༢༨ནས་འགོ་འཛུགས་བྱས་ཏེ་ཧོང་ཀོང་གི་དཔལ་འབྱོར་ལྟེ་གནས་ཡོད་སའི་ས་ཁུལ་ཆེ་ཁག་གསུམ་གྱི་གཞུང་ལམ་སྟེང་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་པ་རེད་ རེས་གཟའ་ཉི་མའི་ཉིན་ཧོང་ཀོང་བ་ཆིག་སྟོང་ཙམ་ཞིག་གིས་རྒྱ་ནག་གཞུང་གི་ལས་ཁུངས་ཡོད་སར་གོམ་འགྲོད་བྱས་ཏེ་རྒྱ་ནག་གཞུང་ལ་ཧོང་ཀོང་གི་མང་གཙོ་དོན་གཉེར་བའི་འགོ་ཁྲིད་དང་ཐད་ཀར་གྲོས་མོལ་བྱེད་དགོས་པའི་དགོས་འདུན་བཏོན་ཏེ་གོམ་བགྲོད་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG