ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ནང་ངོ་རྒོལ་བྱ་ཡུལ་དུ་འཁྲུག་ཟིང་བྱུང་སྟེ་མི་འགའ་ཞིག་འཛིན་བཟུང་བྱས་ཡོད་པ།


ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་ངོ་རྒོལ་བྱ་ཡུལ་མཱོང་ཀོག་ས་གནས་སུ། རེས་གཟའ་ཕུར་བུའི་སྔ་དྲོ་ཐོ་རེངས་། ངོ་རྒོལ་བྱེད་མཁན་འགའ་ཞིག་དང་ཉེན་རྟོག་པ་འཁྲུག་འཛིང་བྱུང་སྟེ། མི་གསུམ་འཛིན་བཟུང་བྱས་ཡོད་ཅིང་། དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་རང་ལ།

དམངས་གཙོའི་འོས་བསྡུའི་ལམ་ནས་འགོ་ཁྲིད་ཐད་ཀར་འོས་འདེམས་བྱེད་ཆོག་པའི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་ཏེ། ཞི་བའི་ལས་འགུལ་སྤེལ་ནས་ད་ཆ་ཟླ་བ་གཅིག་དང་ཕྱེད་ཀ་འགྲོ་གི་ཡོད་ཀྱང་། གཞུང་ཕྱོགས་ནས་ཁོང་ཚོའི་དགོས་འདུན་ཁས་ལེན་བྱ་རྒྱུའི་རེ་བ་གང་ཡང་ད་ལྟའི་ཆར་མངོན་རྒྱུ་མེད་པ་རེད། ཞི་རྒོལ་གྱི་ལས་འགུལ་སྤེལ་མཁན། སློབ་ཕྲུག་གཙོ་བོར་གྱུར་བའི་ཧོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས། གཟའ་ཉི་མའི་ཉིན། ད་ལྟའི་ཞི་རྒོལ་བྱ་ཡུལ་དེ་ནས་རྒྱ་ནག་གཞུང་གི་དོན་གཅོད་ལས་ཁུངས་ཡོད་ས་བར་ གོམ་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུའི་འཆར་གཞི་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG