ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

༧གོང་ས་མཆོག་གིས་ནིའུ་ཡོག་ཏུ་བོད་མི་རྣམས་ལ་བཀའ་སློབ་བསྩལ་གནང་མཛད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཟླའི་ཚེས་ལྔ་རེས་གཟའ་ལྷག་པའི་ཉིན་ ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་དང་ ནིའུ་ཇར་སི་ཁུལ་དུ་གནས་འཁོད་བོད་མི་དང་ ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་བཅས་ལ་ དམིགས་བསལ་མཇལ་ཁ་དང་འབྲེལ་བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་གནང་མཛད་ཡོད་ཅིང་ བཀའ་སློབ་ཀྱི་ནང་ ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་བསྡོམས་ཀྱི་ནང་འཁོད་པ་བཞིན་ བོད་ཕྲུག་རྣམས་བོད་པ་གྲུང་གྲུང་གཅིག་ཡོང་ཐབས་སུ་སྒོ་ཀུན་ནས་ཐབས་ཤེས་ཡོད་རྒུ་བྱས་ཏེ་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་དེ་ཚོ་ཧ་ཅང་གི་ཡག་པོ་ཡིན་པ་དང་ དེའི་ཐོག་ ཕྲུ་གུ་རྣམས་ལ་ནང་ཆོས་ངོ་སྤྲོད་བྱས་ཏེ་ ནང་ཆོས་ཀྱི་གཞུང་ལས་གསུངས་པའི་ཚན་རིག་དང་ སེམས་ཁམས་རིག་པའི་སྐོར་གྱི་ཤེས་བྱ་དེ་ཚོ་ཡང་སློབ་འཁྲིད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་བཀའ་སྩལ་བ་དང་འབྲེལ་ དེང་སྐབས་བོད་ཀྱི་གནས་སྟངས་ལ་ཆ་མཚོན་པ་ཡིན་ན་ གཞིས་ལུས་བོད་མི་རྣམས་ནི་དོན་གྱི་བདག་པོ་དེ་ཡིན་ཞིང་ ཁོང་རྣམས་དཀའ་སྡུག་ཅི་ཆེ་འཕྲད་བཞིན་པའི་འོག་ཏུའང་ ད་དུང་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་པས་ དེ་དོན་ང་ཚོ་བཙན་བྱོལ་དུ་ཡོད་པ་རྣམས་ཀྱིས་ཀྱང་ཆོལ་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་གནས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་སོགས་བཀའ་གནང་ཡོད་འདུག

XS
SM
MD
LG