ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་གསར་ཤོག་གིས་ཨོ་བྷ་མར་ལས་དོན་བྱ་རྒྱུར་ནུས་སྟོབས་མེད་ཚུལ་བརྗོད་ཡོད་པ།



ཕྱི་ཟླ་༡༡པའི་ཚེས་༥ རེས་གཟའ་ལྷག་པའི་ཉིན་འདོན་སྤེལ་བྱས་པའི་རྒྱ་ ནག་གི་གཞུང་གིས་གཉེར་བའི་གསར་ཤོག་གིས། བྷ་རག་ཨོ་བྷ་མ་ནི། འགོ་ཁྲིད་ དཀྱུས་མ་ཙམ་ཞིག་ལས། ནུས་སྟོབས་ལྡན་པའི་ལས་དོན་བྱེད་ཐུབ་མཁན་འགོ་ ཁྲིད་མིན་ལུགས་བརྗོད་དེ། ཨ་མེ་རི་ཀའི་སྲིད་འཛིན་གྱིས་རྒྱ་ནག་ལ་རྒྱལ་ དོན་འཚམས་འདྲི་གཟིགས་བསྐོར་གནང་བར་ཉིན་ཤས་ལས་མེད་པའི་སྐབས་ འདིར། སྲིད་འཛིན་ཨོ་བྷ་མའི་ལས་དོན་གནང་ཕྱོགས་ལ་སྐྱོན་བརྗོད་བྱེད་པའི་ གནས་ཚུལ་ཞིག་ཐོན་ཡོད་འདུག

དེ་ཡང་རྒྱ་ནག་གི་གཞུང་འཛིན་དམར་ཤོག་ཚོགས་པ་དང་འབྲེལ་མཐུད་ཟབ་པོ་ ཡོད་པའི་གསར་ཤོག་ Global Times ཡིས་བྱས་པའི་སྐྱོན་བརྗོད་དེ་ནི། ཨ་མེ་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གི་འཐུས་མི་གསར་འདེམས་ཀྱི་ འོས་བསྡུའི་ནང་། དེ་སྔོན་དམངས་གཙོ་ཚོགས་པས་འཐུས་མི་གྲངས་མང་གིས་ དབང་བསྒྱུར་བྱས་པའི་གྲོས་ཚོགས་གོང་མ་དེ་བཞིན་ད་ཆ་སྤྱི་མཐུན་ཚོགས་པས་ དབང་བསྒྱུར་བྱ་རྒྱུའི་གྲུབ་འབྲས་ཤིག་ཐོན་བཞིན་པའི་སྐབས་སུ་བྱས་པ་ཞིག་ ཡིན་པ་རེད།

Global Times ཡི་རྩོམ་སྒྲིག་པའི་ཆེད་བརྗོད་ཀྱི་ནང་། སྲིད་འཛིན་ཨོ་བྷ་མས་ ཕྱི་ལོ་༢༠༠༨ ལོའི་སྲིད་འཛིན་གྱི་འོས་བསྡུའི་ལས་འགུལ་སྤེལ་བའི་སྐབས་སུ། ང་ཚོས་ ལས་དོན་གང་ཡང་བྱེད་ཐུབ་པ་ཡིན་ཞེས་གཟུངས་སྔགས་འདྲེན་འདྲེན་ གཏམ་བཤད་བྱས་པ་ལ་བརྟེན་ནས། མང་ཚོགས་ཀྱིས་ཁོང་ལ་རེ་བ་ཆེན་པོ་ཞིག་ བྱས་ཡོད་ཀྱང་། ཁོང་ལ་ནུས་སྟོབས་མེད་པའི་རྐྱེན་གྱིས། ནུས་པ་ཐོན་པའི་ལས་ དོན་གང་ཡང་བྱེད་ཐུབ་མེད་པར་བརྟེན། མི་རྣམས་ཀྱིས་ཁོང་ལ་ཡིད་ཐང་ ཆད་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད་ཅེས་བརྗོད་ཡོད་འདུག

XS
SM
MD
LG