ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་གཟའ་ལྷག་པའི་ཉིན་ལ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་འགོ་ཁྲིད་ཁྲིན་ཆཱན་གཱོ་ ཡིས་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་་དམར་ཤོག་དཔོན་རིགས་དང་གཞུང་གི་ལས་བྱེད་ཀྱི་ཁྲོད་དུ་ཏཱ་ལའི་བླ་མར་ཡིད་རྟོན་བྱེད་མཁན་དང་ཏ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ན་ཉེས་ཆད་ནན་པོ་གཅོད་རྒྱུ་དང་སྲིད་གཞུང་གི་ངོས་ནས་ཁ་བྲལ་བར་ཡིད་རྟོན་བྱེད་མཁན་སུ་ཡིན་རྩ་མེད་བཟོ་རྒྱུ་ཡིན་ཞེས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་མདུན་ངོས་སུ་གཏམ་བཤད་སྤེལ་ཡོད་འདུག རྒྱ་ནག་དབུས་གཞུང་གི་དམར་ཤོག་ཚོགས་པའི་སྒྲིག་སྲོལ་དང་རྩ་འཛུགས་ལྟ་རྟོག་ཚོགས་ཆུང་ཞེས་རྒྱ་ནག་ཀྲེ་ཅང་ཞིང་ཆེན་དུ་དམར་ཤོག་ལས་བྱེད་བདུན་ཆོས་ལུགས་ལ་དད་པ་བྱེད་མཁན་རེད་ཅེས་ཁ་ས་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བའི་རྗེས། དེ་རིང་བོད་རང་སྐྱོིང་ལྗོངས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱིས། དམར་ཤོག་ཚོགས་པའི་ལས་བྱེད་དང་བོད་མི་ཏང་ཡོན་པའི་ནང་དུ་ཏཱ་ལའི་བླ་མར་ཡིད་རྟོན་བྱེད་མཁན་ཚོ་རྩ་མེད་བཟོ་རྒྱུའི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

XS
SM
MD
LG