ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་སློབ་ཕྲུག་ཚོས་ངོ་རྒོལ་ལས་འགུལ་ཁག་རྒྱ་ནག་ནང་སྤེལ་རྩིས་ཡོད་པ།


ཧོང་ཀོང་ནང་དམངས་གཙོའི་ལམ་ལུགས་ཆ་ཚང་ཞིག་ཡོང་བ་བྱེད་རྒྱུའི་སླད།་འདས་པའི་གཟའ་འཁོར་འགའ་ཞིག་གི་རིང་་ཧོང་ཀོང་ནང་ཡོད་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་ཁར།་་་སློབ་ཕྲུག་ཚོས་ཧོང་སྲིད་གཞུང་ལ་བཅོས་འགྱུར་གཏོང་་རྒྱུའི་དབང་ཤུགས་མེད་པ་ ཤེས་རྟོགས་བྱུང་སྟེ་ངོ་རྒོལ་གྱི་ལས་འགལ་ཁག་རྒྱ་ནག་སྐམ་སའི་ནང་སྤེལ་རྒྱུའི་འཆར་གཞི་བྱས་ཡོད་འདུག

སློབ་གཉེར་བ་ཚོས་རྒྱ་ནག་སྐམ་སའི་ནང་་ངོ་རྒོལ་ལས་འགུལ་ཇི་འདྲ་སྤེལ་རྩིས་ཡོད་མེད་སྐོར་ད་ལན་རེས་གཟའ་ཕཱུར་བུའི་ཉིན་གསལ་བསྒྲགས་བྱེད་ཀྱི་ཡིན་ཞེས་བཤད་འདུག སློབ་ཕྲུག་དམངས་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་སྐབས་ངོ་རྒོལ་བྱ་རྒྱུའི་ གོ་སྐབས་ནི་ཤིན་དུ་དཀོན་པའི་གནས་སྟངས་ཤིག་ཆགས་ཡོད་པའི་སྐོར་གྱི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG