ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་མདོ་རྔ་པའི་རྨེའུ་རུ་མ་ཡུལ་ཚོའི་བོད་མི་ལ་ཁྲིམས་བཅད།


ཟླ་བ་འདིའི་ཚེས་༣ཉིན་བོད་ཀྱི་ཨ་མདོ་རྔ་པའི་རྨེའུ་རུ་མ་ཡུལ་ཚོའི་བོད་མི་གསུམ་ལ་༢༠༡༣ལོའི་ཕྱི་ཟླ་༡༢པའི་ཚེས་༣ཉིན་རང་ལུས་མེར་སྲེག་གཏོང་མཁན་དཀོན་མཆོག་ཚེ་བརྟན་ལགས་དང་འབྲེལ་ཡོད་པའི་ཐོག་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་བར་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་བའི་ཐད་བཞུགས་སྒར་དུ་བོད་ཀྱི་དགུ་བཅུ་གསུམ་ཚོགས་པས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བྱས་ཏེ་བོད་ནང་གི་སྲིད་དོན་བཙོན་པའི་ནང་མི་ཚོར་འཕྲད་པའི་དཀའ་ངལ་གསལ་སྟོན་བྱས་ཡོད་པ་སོགས་ཀྱི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG