ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་མཐུན་སྲིད་དོན་ཚོགས་པར་འོས་འདེམས་རྒྱལ་ཁ།


ཨ་མི་རི་ཀའི་ནང་དུ་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཞིའི་ཉིན་འོས་བསྡུ་བྱས་ཏེ་གྲོས་ཚོགས་འོག་མའི་འཐུས་མི་ཡོངས་རྫོགས་དང་གོང་མའི་འཐུས་མི་མང་པོ་ཞིག་འོས་འདེམས་བྱས་དོན་སུ་སྤྱི་མཐུན་སྲིད་དོན་ཚོགས་པར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་ཡོད།

སྤྱི་མཐུན་སྲིད་དོན་ཚོགས་པར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་འཐུས་མི་གྲངས་ནང་གི་རྒྱལ་ཁ་ཐོབ་པར་བརྟེན་སྲིད་འཛིན་ཨོ་བྷ་མ་མཆོག་ལ་སྲིད་འཛིན་གྱིས་ལས་དུས་ད་དུང་ལོ་གཉིས་ལྷག་ཡོད་པ་དེའི་རིང་སྐུ་ངལ་མང་པོ་ཞིག་འཕྲད་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG