ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་བེད་སྤྱོད་བྱེད་པའི་དྲ་བྱང་རྫུན་མ་དེ་འདྲ་ཕྱིར་འཐེན་བྱས་ཡོད་པ།


རྒྱ་ནག་གིས་ཡཱུ་ཀྲུབ་དྲ་རྒྱའི་ནང་། དྲ་བྱང་རྫུན་བཟོ་བྱས་ཏེ་རང་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་ཀྱི་ཡོད་པ། དབྱིན་ཡུལ་དུ་རྟེན་གཞི་བྱེད་པའི་བོད་རང་དབང་ཚོགས་པས་ཤེས་རྟོགས་བྱུང་སྟེ། ཡཱུ་ཀྲུབ་དྲ་ལས་ཁང་ལ་བརྗོད་པར་བརྟེན། ད་ཆ་དྲ་ལས་ཁང་དེས་རྒྱ་ནག་གིས་བེད་སྤྱོད་བྱེད་པའི་དྲ་བྱང་རྫུན་མ་དེ་དག་ཧ་ལམ་ཆ་ཚང་མེད་པ་བཟོས་ཡོད་པ་རེད། དྲ་བྱང་རྫུན་མ་དེ་ཚོའི་ནང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་གནས་ཚུལ་སྤྱི་དང་། ལྷག་པར་དུ་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང་། རྒྱ་ནག་གིས་བོད་ས་འཛུགས་བསྐྲུན་བྱས་ཏེ། བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་གྱི་ཡོད་ཚུལ་སོགས་ཀྱི་རྣམ་པ་བསྟན་རྒྱུར་དམིགས་པའི་དྲིལ་བསྒྲགས་དེ་འདྲ་བྱེད་ཀྱི་ཡོད་པ་དང་། དྲ་བྱང་དེ་ཚོ་ཕྱི་རྒྱལ་གྱི་མིའི་མིང་ཐོག་ནས་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། བོད་རང་དབང་ཚོགས་པས་དེ་འདྲའི་དྲ་བྱང་རྫུན་མ་ལྔ་བཅུ་ལྷག་འཐེར་འདོན་བྱས་ཡོད་པ་དེ་ཁོངས་ནས་གཅིག་མ་གཏོགས། དེ་བྱིངས་ཚང་མ་རྫུན་མ་ཡིན་པ་ར་འཕྲོད་བྱུང་སྟེ་ཡཱུ་ཀྲུབ་གྱིས་མེད་པ་བཟོས་ཡོད་པས། བོད་རང་དབང་ཚོགས་པའི་བོད་དོན་ལས་འགུལ་གྱི་འགན་འཛིན་ཨཱེ་ལེས་ཀྲེཡར་ ཀཱོ་རི་ཡིས་ དགའ་བསུ་ཞུས་པ་དང་འབྲེལ། གནས་ཚུལ་འདི་རིགས་བཀག་འགོག་བྱ་རྒྱུར་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་གཉེར་མཁན་བཟོ་ཚོང་ཁང་གིས་ཤུགས་སྣོན་ད་དུང་ཆེ་ཙམ་ཞིག་རྒྱག་གལ་ཆེན་པོ་འདུག་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG