ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་མེ་རི་ཀས་བདེ་འཇགས་སྲུང་སྐྱོབ་ཀྱི་ལྟ་སྲུང་ནན་དུ་གཏོང་རྒྱུ་ཡིན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སི་རི་ཡ་དང་ཨི་རག་ནས་ཡིན་པའི་ཕྱི་རྒྱལ་བ་དྲག་འཐབ་པ་རྣམས་ ཀྱིས་གནོད་འཚེ་བྱེད་སྲིད་པའི་བློ་འཚབ་བྱས་ཏེ། ཨ་མེ་རི་ཀའི་གཞུང་གིས་ རེས་གཟའ་ཟླ་བ་ནས་བཟུང་། ཡུ་རོབ་དང་ཨེ་ཤི་ཡའི་ཡུལ་ཁག་འགའ་ཞིག་གི་ ཆབ་འབངས་མི་སེར་རྣམས་ཨ་མེ་རི་ཀར་ཐོངས་མཆན་ཝི་ས་ཞུ་མ་དགོས་པར ཡོང་ཆོག་གི་ཡོད་པ་རྣམས་ལ། དམིགས་བསལ་གྱི་དམ་དྲག་འཕར་མ་འགའ་ཞིག་ གསར་གཏོད་བྱས་པ་དང་།

དེ་ཡང་ཨ་མེ་རི་ཀའི་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོབ་ལས་དོན་ལྷན་ཁང་གི་ དྲུང་ཆེ་ Leh Johnson གྱིས་བརྗོད་དོན་ལྟར་ན། ཨ་མེ་རི་ཀའི་ཐོངས་མཆན་ ཝི་ས་ཞུ་ལེན་མི་དགོས་པར་ཆག་ཡང་ཡོད་མཁན་གྱི་ཡུལ་ཁག་ནས་ཡོང་ མཁན་རྣམས། ཨ་མེ་རི་ཀའི་ནང་འཛུལ་ཞུགས་བྱེད་ཆོག་པའི་ཆེད་དུ། གློག་ལམ་གྱི་སྙན་ཞུ་ཞིག་གི་ནང་གནས་ཚུལ་འཕར་མ་མཁོ་སྤྲོད་བྱེད་དགོས་ཀྱི་ ཡོད་པ་རེད། ཐོངས་མཆན་ཝི་ས་ཞུ་མི་དགོས་པའི་ཆག་ཡང་འདིས་ ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཕོག་མི་ཡོང་བ་ངེས་གཏན་བྱེད་ ཐབས་སུ། ཐོངས་མཆན་ཝི་ས་ཞུ་ལེན་མི་དགོས་པའི་ཆག་ཡང་ཐོབ་པའི་ ཡུལ་ཁག་ནས་ཡོང་མཁན་གྱི་མི་རྣམས་ཀྱི་གནས་ཚུལ་མང་བ་གཞུང་གིས་ཤེས་ རྟོགས་ཡོང་རྒྱུའི་ཆེད་དུ་གནས་ཚུལ་འཕར་མ་མཁོ་སྤྲོད་བྱེད་དགོས་པའི་བྱ་ ཐབས་དེ་ལག་བསྟར་བྱས་པ་རེད་ཅེས་སྐུ་ཞབས་ Johnsonགྱིས་སྤེལ་བའི་ གསལ་བསྒྲགས་ཤིག་གི་ནང་བརྗོད་ཡོད་འདུག

XS
SM
MD
LG