ངོ་འཕྲད་བདེ་བའི་དྲ་འབྲེལ།

རྔ་བ་མཛོད་དགེའི་བོད་ཡིག་སློབ་འབྲིང་དུ་ངོ་རྒོལ།


སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས། གོང་རིམ་གྱི་སློབ་གསོའི་ལམ་ལུགས་བསྒྱུར་བཅོས་ལ་ངོ་རྒོལ་བྱས་ཏེ། སློབ་གསོ་འདྲ་མཉམ་དགོས་ཞེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་སྐད་འབོད་བྱས་འདུག

འདི་གར་རེག་པའི་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡་ཉིན་གྱི་ངོ་རྒོལ་སྐད་འབོད་ཀྱི་བརྙན་འཕྲིན་ཐུང་བའི་ནང་བལྟས་ན་སློབ་ཕྲུག་རྣམས་ཀྱིས་མི་གཅིག་སྐྱོབ་པ་ལས་མི་བརྒྱ་བསྐྱབ་ན་བཟང་ཟེར་བ་དང་། སློབ་གསོ་འདྲ་མཉམ་ཞེས་སྐད་འབོད་བྱས་འདུག

བོད་ཀྱི་དུས་བབ་སྟེང་གནས་ཚུལ་བཀོད་པ་ལྟར་ན། མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་ནི་མཛོད་དགེ་རྫོང་སྟག་ཚ་དགོན་གྲོང་རྡལ་དུ་ཡོད་ཅིང་། ཕྱི་ལོ་ ༡༩༦༠ ལོར་སྨན་པ་གྲགས་ཅན་བློ་བཟང་ཉི་མ་ལགས་ཀྱིས་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༡ ལོར་རྔ་བ་ཁུལ་མི་མང་སྲིད་གཞུང་གི་ཆོག་མཆན་སྤྲད་པ་ལྟར་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་ཞེས་བཏགས་པ་ཞིག་རེད།།

XS
SM
MD
LG