ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་དྲུག་འགྲོ་གྲོན་བཏང་སྟེ་ད་ནས་ལོ་༧གྱི་ནང་ཚུད་སྟེ། ཕྱི་ལོ་༢༠༢༢ ནང་ཚུད་དུ་ལྷ་ས་ནས་ཀོང་པོ་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་བཟོ་བསྐྲུན་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག འདིའི་ཐད་བོད་རང་སྐྱོང་ལྗོངས་མེ་འཁོར་འགྲིམ་འགྲུལ་ལས་ཁང་གི་འགན་འཛིན་གཞོན་པ་ཡང་ཡུ་ལིན་(YangYulin)གྱིས། “ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་འདིས་མངའ་ཁུལ་གྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འཐོན་ཐུབ་པ་མ་ཟད། བོད་དང་རྒྱ་ནག་གི་ས་ཁུལ་རྣམས་གོང་བུ་ཆིག་སྒྲིལ་བཟོ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།” ཞེས་བརྗོད་འདུག

ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་དེའི་ཐོག་འགྲོ་རྒྱུའི་མེ་འཁོར་དེས་མགྱོཌ་ཚད་ཆ་སྙོམས་ཆ་བྱས་ཆུ་ཚོད་གཅིག་རེར་སྤྱི་ལེ་༡༦༠འི་མགྱོཌ་ཚད་འགྲོ་ཐུབ་རྒྱུ་ཡིན་པ་མ་ཟད། ལྷ་ས་ནས་ཤི་རོང་བར་གྱི་རྒྱང་ཁད་སྤྱི་ལེ་༣༢ཙམ་གློག་ཤུགས་ཀྱི་ཐོག་གཏང་རྒྱུ་ཡིན་ཞིང་། ཉིང་ཁྲི་བར་མེ་འཁོར་འཛུགས་རྒྱུའི་ལས་འཆར་འདི་ནི་རྒྱ་ནག་གཞུང་གི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ནང་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ལས་འཆར་གལ་ཆེན་ཞིག་ཡིན་ལུཌ་གསལ་བསྒྲགས་བྱས་ཡོད་འདུག

XS
SM
MD
LG