ངོ་འཕྲད་བདེ་བའི་དྲ་འབྲེལ།

ནུས་ཤུགས་ཀྱི་ཐད་མ་རྩ་འཛུགས་འཇོག་བྱེད་ཕྱོགས་དང་། གློག་ལམ་དྲ་ འབྲེལ་ལ་གནོད་སྐྱོན་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་ལྟ་བུའི་ གནད་དོན་ཁག་གིས། ཁེ་ཎ་ཌ་དང་རྒྱ་ནག་གི་དབར་མི་མཐུན་པའི་འཁོན་ སེམས་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཁེ་ཎ་ཌའི་སྲིད་བློན་སེ་ཀྲེ་ཕེན་ ཧྭར་པར་གཟའ་འཁོར་རྗེས་མ་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲི་གཟིགས་ བསྐོར་གནང་རྒྱུའི་སྐོར་རེས་གཟའ་པ་སངས་ཀྱི་ཉིན་ཕྱིར་བསྒྲགས་ གནང་ཡོད་པ་དང་། ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་ནས་འགོ་འཛུགས་བྱེད་ འཆར་ཡིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡུལ་ཁག་གི་དབུ་ཁྲིད་རྣམས་ དཔལ་འབྱོར་གྱི་གནད་དོན་ཐད། ལྷན་ཚོགས་ཤིག་རྒྱ་ནག་གི་ནང་གནང་འཆར་ ཡོད་པ་དེའི་ནང་ལྷན་ཞུགས་བྱ་རྒྱུའི་ཆེད་ཀྱི་རྒྱ་ནག་ལ་གཟིགས་བསྐོར་གནང་རྒྱུ་སྲིད་བློན་ཧྭར་པར་གྱིས་གཟའ་འཁོར་འདིའི་ནང་ཕྱིར་བཤོལ་གནང་བ་ ཡིན་ཞིང་།

ད་རེས་བསྐྱར་སྒྲིག་གནང་པའི་རྒྱལ་དོན་འཚམས་འདྲི་གཟིགས་བསྐོར་འདི་ནི། ཕྱི་ཟླ་༡༡པའི་ཚེས་༥་ནས་༡༠་བར་གནང་རྒྱུ་ཡིན་པ་དང་། སྲིད་བློན་ཧྭར་པར་ གྱིས་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲི་གཟིགས་བསྐོར་ཐོག་མ་དེ་ཕྱི་ལོ་༢༠༡༢ ལོའི་འགོ་སྟོད་དུ་རྒྱ་ནག་དང་དཔལ་འབྱོར་གྱི་འབྲེལ་མཐུད་ཟབ་ཏུ་གཏོང་ ཐབས་སུ་དམིགས་པའི་གཟིགས་བསྐོར་གནང་བ་ནས་བཟུང་་། ཡུལ་གྲུ་གཉིས་ཀྱི་ དབར་མ་རྩ་འཛུགས་འཇོག་བྱེད་ཕྱོགས་དང་། གློག་ལམ་དྲ་འབྲེལ་ལ་གནོད་སྐྱོན་ གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་ཁག་གིས། ཕྱོགས་གཉིས་དབར་ གྱི་འབྲེལ་ལམ་ལ་ཉམ་རྒུད་ཆེན་པོ་བྱུང་པ་ཡིན་འདུག

XS
SM
MD
LG