ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སུཝེཌེན་གཞུང་གིས། པེ་ལིསྟན་རྒྱལ་ཁབ་ལ་ངོས་འཛིན་གནང་ཡོད་པ།


ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་བཅུ་པའི་ཚེས་༣༠ཉིན་སུཝེཌན་གྱིས། པེ་ལིསྟན་ དེ། རྒྱལལ་ཁབ་གཅིག་ཡིན་པ་དངོས་སུ་ངོས་འཛིན་གནང་པ་ཡིན་ལུགས་ སུཝེཌན་གྱི་ཕྱི་སྲིད་བློན་ཆེན་གྱིས་གསལ་བསྒྲགས་གནང་ཡོད་པ་འདི་ནི། གཞུང་དེས། རྩོད་གཞི་ཆེ་བའི་བྱ་ཐབས་དེ་འདྲ་ཞིག་ལག་བསྟར་བྱ་རྒྱུའི་ འདུན་པ་ཡོད་པའི་གསལ་བསྒྲགས་གནང་སྟེ་ཟླ་བ་གཅིག་ཀྱང་འགྲོ་གི་མེད་པའི་ མཚམས་འདིར་་གནང་པ་ཞིག་ཡིན་པ་དང་།

དེ་ཡང་ཡུལ་དེའི་ཉིན་རེའི་གསར་ཤོག་Dagens Nyheter ནང་འདོན་སྤེལ་ བྱས་པའི་གསལ་བསྒྲགས་ཤིག་གི་ནང་། ཕྱི་སྲིད་བློན་ཆེན་ལྕམ་ Margot Wallstrom གྱིས། དེ་རིང་ང་ཚོའི་གཞུང་གིས། པེལིསྟན་གྱི་རྒྱལ་ཁབ་ལ་ངོས་ འཛིན་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ཐག་གཅོད་འདི་ནི། པེ་ལིསྟན་གྱི་མི་ རྣམས་ལ་རང་ཐག་རག་གཅོད་ཀྱི་ཐོབ་ཐང་ཡོད་པ་ངེས་བརྟན་བཟོ་ཕྱོགས་སུ་ གལ་ཆེའི་གོམ་སྟབས་ཤིག་ཆགས་ཀྱི་ཡོད་པར་བརྟེན། རྒྱལ་ཁབ་གཞན་རྣམས་ ནས་ཀྱང་ང་ཚོའི་རྗེས་སུ་འབྲང་བའི་ལམ་ཀ་ཞིག་ང་ཚོས་གསར་གཏོད་བྱས་ཡོད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG