ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བྱང་ཀོ་རི་ཡས་མཚོ་ཐོག་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱེད་ཀྱི་ཡོད་པ།


མཚོ་ཐོག་ནས་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་གསར་བསྐྲུན་བྱ་ཆེད་རྒྱུར་དམིགས་ཏེ་ བྱང་ཀོ་རི་ཡས་ མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་སའི་ལྟེ་གནས་ཞིག་བཟོས་ཡོད་ལུགས་ ཨ་མི་རི་ཀའི་ཇན་ཧོབ་ཀིན་གཙུག་ལག་སློབ་ཁང་གི་ཨ་རི་དང་རྒྱ་ནག་ཉམས་ཞིབ་ཚན་པས་འགྲེལ་བརྗོད་བྱས་ཡོད་པ་དང། གལ་ཏེ་ བྱང་ཀོ་རི་ཡས་ མཚོ་འོག་གྲུ་གཟིངས་ཐོག་ནས་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་བཟོ་ཐུབ་པ་བྱུང་ཚེ་ བྱང་གི་ཁ་གཏད་དགྲ་ཕྱོགས་ལ་གཏོར་རྒོལ་བྱེད་ཐུབ་པའི་ནུས་པ་གསར་བ་ཞིག་ཡོང་ཐུབ་རྒྱུ་ཡིན་ཞིང། འོན་ཏེ་ དོན་དངོས་ཐོག་ འདི་འདྲའི་ནུས་ཤུགས་ཞིག་ བྱང་ཀོ་རི་ཡས་བཟོ་ཐུབ་རྒྱུར་ ད་དུང་ཡང་ལོ་ངོ་མང་པོ་འགོར་སྲིད་པ་ གནད་དོན་ཉམས་ཞིབ་པས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG