ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་ཏི་ཡོ་པི་ཡ་གཞུང་གིས་ཨཽ་རོ་མཱོ་མི་རིགས་ལ་བཙན་གནོན་བྱེད་ཀྱི་ཡོད་པ།


ཨ་ཕྷི་རི་ཀའི་ཡུལ་གྲུ་ཨི་ཏི་ཡཱོ་པི་ཡ་གཞུང་གིས། འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཡུལ་དེའི་ཨཽ་རོ་མཱོ་མི་རིགས་རྣམས་གནོན་སྡོམ་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་བྱས་ཡོད་ཅིང་། དེ་ཡང་ རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཞིབ་འཇུག་བྱས་པའི་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེའི་ནང་། ཨཽ་རོ་མཱོ་མི་རིགས་རྣམས་ནི། ཨི་ཏི་ཡཱོ་པི་ཡེའི་ནང་མི་རིགས་འདྲ་མིན་ཡོད་པའི་ནང་ནས་མི་འབོར་མང་ཤོས་ཀྱི་མི་སྡེ་ཤོག་ཁག་ཞིག་ཡིན་སྟབས། མི་རིགས་དེའི་ཕྱོགས་ནས་སྲིད་གཞུང་ལ་ངོ་རྒོལ་གྱེན་ལང་བྱེད་པའི་ལས་འགུལ་གྱི་རིགས་ཐོན་པ་ཡིན་ན། སྲིད་གཞུང་གནས་མི་ཐུབ་པའི་ཉེན་ཁ་འབྱུང་སྲིད་པའི་འཇིགས་སྣང་བྱུང་སྟེ། གཞུང་གིས་མི་རིགས་དེ་གནོན་སྡོམ་བྱ་རྒྱུར་དམིགས་པའི་བཙན་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ། མི་གང་བྱུང་འཇུ་བཟུང་བཙོན་འཇུག་བྱེད་པ་དང་། དོ་དམ་བཀག་ཉར་བྱས་ཏེ་ཉེས་བརྡུང་དྲག་པོ་བཏང་བ་སོགས་བྱེད་ཀྱི་ཡོད་པ་མ་ཟད། སྐབས་རེ་ཆེད་མངགས་དམར་བསད་བཏང་བ་སོགས་ཀྱི་གནས་ཚུལ་ཡང་ཡོང་གི་ཡོད་པ་འཐེར་འདོན་བྱས་ཡོད་པ་རེད།།

XS
SM
MD
LG