ངོ་འཕྲད་བདེ་བའི་དྲ་འབྲེལ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་ བརྗོད་དོན་ལྟར་ན། ཕྱི་ལོ་༢༠༠༨ ལོའི་ནང་འཛམ་གླིང་ལ་དཔལ་འབྱོར་ཉམ་ རྒུད་ཀྱི་དཀའ་རྙོག་ཆེན་པོ་ཞིག་འཕྲད་པའི་རྐྱེན་གྱིས། འབྱོར་ལྡན་རྒྱལ་ཁབ་ མང་པོའི་ནང་གི་ཕྲུ་གུ་ས་ཡ་མང་པོར་གནོད་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་བྱིས་པའི་ཐེབས་རྩ་ཁང་གིས་འདོན་སྤེལ་བྱས་པའི་སྙན་ཐོ་ཞིག་གི་ནང་། འཛམ་གླིང་གི་བཟོ་ལས་འཛུགས ་བསྐྲུན་ལྡན་པའི་འབྱོར་ལྡན་གྱི་རྒྱལ་ཁབ་ ༤༡ ཡོད་པ་ནས། རྒྱལ་ཁབ་ ༢༣ གྱིས་ གནས་སྟངས་སྡུག་ཏུ་མི་འགྲོ་བའི་འབད་བརྩོན་བྱས་ཡོད་ཀྱང་། ཕྲུ་གུའི་མི་ཚེ་ བཟང་དུ་བཏང་ཐུབ་མེད་ལུགས་བརྗོད་དེ། ཕྱི་ལོ་༢༠༠༨ ནས་ཕྱི་ལོ་༢༠༡༢ ཀྱི་ དབར། ཕྲུ་གུ་ས་ཡ་གཉིས་དང་གྲངས་ཆུང་དྲུག་དབུལ་ཕོངས་ཉམ་ཐག་གི་ གནས་སུ་གྱར་ཡོད་པ་ལ་བརྟེན་ནས།་འཛམ་གླིང་གི་བཟོ་ལས་འཛུགས་བསྐྲུན་ ལྡན་པའི་རྒྱལ་ཁབ་ཚོའི་ནང་དུ་དབུལ་ཕོངས་ཉམ་ཐག་གི་ཕྲུ་གུའི་གྲངས་འབོར་ ས་ཡ་༧༦དང་གྲངས་ཆུང་༦སྐོར་ཞིག་ལ་འཕར་ཡོད་པ་བརྗོད་ཡོད་འདུག

XS
SM
MD
LG