ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་ས་གནས་དེའི་ནང་། མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་རང་གི་འགོ་ཁྲིད་ཐད་ཀར་མི་མང་གིས་འོས་འདེམས་བྱེད་ཆོག་པ་དགོས་ཞེས་དགོས་འདུན་བཏོན་ཏེ་ས་གནས་ཀྱི་ཚོང་དོན་ལྟེ་གནས་ཀྱི་ལམ་གཞུང་ཁག་བཀག་སྟེ་བདུན་ཕྲག་བཞི་ཙམ་ཞིག་རིང་གཞུང་ལ་ངོ་རྒོལ་བྱེད་མཁན་དང་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཤོག་ཁག་ཕན་ཚུན་འཁྲུག་འཛིང་བྱུང་བའི་རྗེས། རེས་གཟའ་སྤེན་པའི་ཉིན་། གཞུང་ལ་རྒྱབ་སྐྱོར་བྱེད་མཁན་མི་ཚོགས་ཤིག་གིས་ཧོང་ཀོང་གི་གསརའགོད་པ་གསུམ་ལ་རྩུབ་སྤྱོད་ལག་བསྟར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་ ཧོང་ཀོང་གི་ཉེན་རྟོག་པ་ཚོས་མང་གཙོའི་ལམ་ལུགས་ཆ་ཚང་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་དགོས་འདུན་བཏོན་ཏེ་ངོ་རྒོལ་བྱེད་མཁན་རྣམས་ལ་ཁ་གཏད་གཅོད་མཁན་མི་སྡེ་ཤོག་ཁག་ཅིག་གི་ཁོངས་སུ་ས་གནས་ཀྱི་ཁྲིམས་འགལ་མི་ངན་རུ་ཚོགས་ཁག་ཅིག་ཀྱང་ཚུད་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG