ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གི་འགོ་འཁྲིད་འགའ་ཤས་ཀྱིས་ལྐོག་ཟའི་གནད་དོན་གྱི་ཁྲིམས་ལུགས་ལ་བརྩི་མེད་གཏོངགི་ཡོད་པ།


རྒྱ་ནག་གིས་སྲིད་འཛིན་ཞི་ཇི་པིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་ནང་ལྐོག་ཟ་རུལ་སུངས་བྱེད་བཞིན་པའི་མི་སྣ་ཚོར་ཁྲིམས་ཐོག་ནས་ཉེས་ཆད་གཏོང་རྒྱུའི་ལས་འགུལ་སྤེལ་ཏེ་ལོ་གཉིས་ཙམ་འགྲོ་གི་ཡོད་ནའང་དཔོན་རིགས་འགའ་ཤས་ཀྱིས་དེར་བརྩི་མེད་བཏང་སྟེ་ད་དུང་ལྐོག༌རྔན་མང་དུ་ལེན་གྱི་ཡོད་པའི་སྐོར་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་དོ་དམ་པ་ཝང་ཅི་ཤིང་གིས་གཏམ་བཤད་བྱས་ཡོད་པ་རེད།

ཉེ་བའི་འཆར་དེ་སྔའི་སྲུང་སྐྱོབ་དྲུང་ཆེ་ཀྲུ་ཡོང་ཀང་ལ་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་འཛུགས་བྱས་ཏེ་གོ་གནས་ནས་ཕབ་ཡོད་ཀྱང་ད་དུང་ཁོང་ལ་ཉེས་ཆད་བཏང་མེད་པ་རེད། དེས་ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་མཐོ་གྲས་ནང་དབང་ཆའི་འཐབ་རྩོད་ཡོད་པའི་མངོན་རྟགས་ཤིག་རེད་ཅེས་སྲིད་དོན་དཔྱད་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར།

XS
SM
MD
LG