ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་སློབ་གྲྭ་་ཆེན་མོས་མི་དམངས་ཀྱི་བསམ་ཚུལ་བསྡུས་པའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཧོང་ཀོང་གི་ལམ་གཞུང་སྟེང་དུ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་ཚོར་མང་ཚོགས་ཀྱི་རྒྱབ་སྐྱོར་ཇེ་ཆེར་ཕྱིན་ཡོད་ཅིོང་། ཉེས་དུས་དམངས་གཙོ་དོན་གཉེར་པའི་སྐུ་ཚབ་དང་ཧོང་ཀོང་གཞུང་གི་སྐུ་ཚབ་ཚོས་གྲོས་མོལ་བྱས་ཀྱང་གྲུབ་འབྲས་གང་ཡང་བྱུང་མེད་ཅིང་། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་དཔོན་མེ་ཁལ་ཊས་བིས་དམངས་གཙོ་དོན་གཉེར་པ་ཚོར་མི་དམངས་ཀྱི་རྒྱབ་སྐྱོར་ཇེ་ཆེར་འགྲོ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་གཞུང་གིས་དམངས་གཙོ་དོན་གཉེར་པ་ཚོར་འབྲེལ་བ་བྱེད་སྟངས་ཡག་པོ་རྩ་བ་ནས་མ་བྱུང་བ་དེར་ཐུག་ཡོད་ཅེས་འགྲེལ་བཤད་བརྒྱབ་འདུག དེ་བཞིན་ཧོང་ཀོང་གཞུང་གིས་མི་ངན་རུ་ཚོགས་བཏང་ནས་ངོ་རྒོལ་ཁྲོམ་སྐོར་པ་ཚོར་སྡིགས་ར་བསྐུལ་པ་དང་ཕར་རྒོལ་བྱས་པ་སོགས་ལ་དམངས་གཙོ་དོན་གཉེར་པ་རྣམས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG