ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

དོན་གྲུབ་དབང་ཆེན་ལ་ཧཱ་ཝལ་གཟེངས་རྟགས་ཐོབ་པ།


ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་དང་རང་དབང་འཐབ་རྩོད་དམ་པ་ཝ་སི་ལབ་ཧ་ཝལ་གྱི་ཕྱག་ལས་དང་མཛད་རྗེས་ལ་ཆེ་བསྟོད་ཀྱི་ཆེད་དུ་ལོ་རེར་ཧ་ཝལ་གཟེངས་རྟགས་ཞེས་པ་ཞིག་འཛམ་གླིང་གི་མི་རིགས་དང་རིག་གཞུང་ལ་སོགས་ཀྱི་མི་སྡེ་སྤྱི་ཚོགས་ལ་བླ་ན་མེད་པའི་ཕྱག་ལས་གནང་སྟེ། ཁོང་ཚོའི་མཛད་རྗེས་ལ་ངོས་འཛིན་ཞུ་བར་གཟེངས་རྟགས་འདི་འབུལ་བཞེས་གནང་གི་ཡོད་ཅིང་། ཕྱི་ལོ་༢༠༡༤་ལོའི་ཧ་ཝལ་གཟེངས་རྟགས་དེ་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལ་གནང་འདུག དོན་འགྲུབ་དབང་ཆེན་གྱི་བཟའ་ཟླ་ལྷ་མོ་འཚོས་གཟེངས་རྟགས་འདི་བཞེས་ཡོད་པ་དང་བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱིས་༧གོང་ས་མཆོག་མཇལ་འདོད་ཆེ་བའི་སེམས་ཀྱི་སྐད་ཆ་དང་རྒྱ་ནག་གི་དཀའ་སྡུག་འོག་གི་གནས་བབ་སོགས་དངོས་སུ་བཤད་པའི་གློག་བརྙན་ཞིག་ཕྱི་ལོ་༢༠༠༨་ལོར་དོན་གྲུབ་དབང་ཆེན་བཟོ་སྐྲུན་བྱས་པས། དོན་གྲུབ་དབང་ཆེན་དེའི་རྗེས་སུ་འཛིན་བཟུང་བྱས་ནས་ལོ་ངོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ད་ལོའི་ཕྱི་ཟླ་དྲུག་པའི་ནང་གློད་གྲོལ་ཐོབ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG