ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་སྨན་གྱིས་ན་ཚའི་རྩ་བ་བཅོས་པ་དང་དེང་རབས་ཀྱི་སྨན་དེས་ནད་རྟགས་བཅོས།


གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ས་གནས་སུ་གནས་བཞུགས་བོད་ཀྱི་གསོ་བ་རིག་པའི་སྨན་པ་ཟླ་བ་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ཁོང་གིས་བོད་པའི་སྨན་གཞུང་དུ་ན་ཚ་བཅོས་ཐབས་ལས་སྔོན་འགོག་གལ་ཆེར་འཛིན་གྱི་ཡོད་ཅིང་། སྐྱེ་བོ་སྒེར་པ་སོ་སོའི་རླུང་མཁྲིས་བད་ཀན་ལས་གྲུབ་པའི་རང་བཞིན་བདུན་ལེགས་པར་ཤེས་ཐབས་བྱས་ཏེ། ཟས་སྤྱོད་ལ་འཛེམ་ཟོན་དང་དོ་སྣང་བྱས་ན་བདེ་ཐང་འབྱུང་ཞེས་གསུངས་པ་མ་ཟད། ཁོང་ལ་བོད་སྨན་དང་ནུབ་ཕྱོགས་པའི་སྨན་གཉིས་ལ་ཁྱད་པར་གཙོ་བོ་ཅི་ཡོད་དྲིས་པར་བོད་སྨན་གྱིས་ན་ཚའི་རྒྱུ་དང་རྩ་བ་བཅོས་ཀྱིན་ཡོད་པ་དང་། དེང་རབས་ཀྱི་སྨན་གྱིས་ནད་རྟགས་བཅོས་ཐབས་བྱེད་ཀྱིན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།།

XS
SM
MD
LG