ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རི་དང་ཧོང་ཀོང་གི་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་དུས་ཤིག་ནས་རྒྱ་ནག་གི་ཕྱོགས་གཏོགས་ཧོང་ཀོང་གི་གསར་འགྱུར་ལས་ཁང་ཁག་གིས་རྩོམ་ཡིག་རིམ་པ་ཞིག་སྤེལ་ཏེ། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དེར་ཨ་མི་རི་ཀའི་དམངས་གཙོ་ཐེབས་རྩ་ཁང་གིས་འགྲོ་གྲོན་བཏང་བ་དང་། ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གིས་ཧོང་ཀོང་གི་སློབ་ཕྲུག་ཚོར་ངན་སྐུལ་བྱས་ནས་ངོ་རྒོལ་བྱེད་དུ་འཇུག་གིན་འདུག ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་ཨ་མི་རི་ཀའི་དབུས་གཞུང་གི་གསང་བའི་ལས་ཁང་ཞིག་རེད་ཅེས་སྐྱོན་འཛུགས་བྱས་པ་མ་ཟད། གཟའ་འཁོར་འདིར་ཧོང་ཀོང་གི་སྲིད་སྐྱོང་ལེང་ཁྲུན་དབྱིང་གིས་གིས་ཀྱང་སློབ་ཕྲུག་གི་ངོ་རྒོལ་དེར་ཕྱི་རྒྱལ་གྱི་ཐེ་གཏོགས་བྱེད་བཞིན་ཡོད། ང་ཚོས་དུས་ཚོད་འོས་འཚམས་ཤིག་ལ་ཧོང་ཀོང་གི་སློབ་མའི་ངོ་རྒོལ་ལ་ཕྱི་རྒྱལ་བས་ཐེ་གཏོགས་བྱེད་ཀྱི་ཡོད་པ་དང་། ཧོང་ཀོང་གི་ཚོང་དོན་ལྟེ་གནས་འགོག་པའི་ལས་འགུལ་ལ་ཕྱི་རྒྱལ་བ་མཉམ་ཞུགས་བྱེད་ཡོད་པའི་དཔང་རྟགས་སྟོན་ཆོག་ཅེས་གཏམ་བཤད་བྱས་འདུག ཡིན་ནའང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གི་ལས་སྣེ་ཞིག་ལ་དམིགས་བསལ་བཅར་འདྲི་ཞུས་པ་ལྟར་ན། ཐེབས་རྩ་ཁང་དེའི་ཨེ་ཤི་ཡ་དང་དཀྱིལ་ཤར་ས་ཁུལ། ཨ་ཧྥི་རི་ཀའི་བྱང་ཕྱོགས་བཅས་ས་ཁུལ་ཁག་གསུམ་གྱི་སྡེ་ཚན་གཙོ་འཛིན་གཞོན་པ་ལུ་ཝི་ས་གྷེ་རེབ་ཀྱིས་རྒྱ་ནག་གི་སྐྱོན་འཛུགས་དེ་ཚོར་ཁུངས་ལུང་མེད་ཅིང་། སྐྱོན་འཛུགས་དེ་དག་ཧོང་ཀོང་མི་དམངས་ལ་ཁྱད་གསོད་བྱས་པ་ཞིག་ཡིན། ཧོང་ཀོང་མི་དམངས་ཀྱིས་རང་གི་གཞུང་དེ་དམངས་གཙོའི་ལྟ་གྲུབ་ཀྱི་གཞི་རྩའི་ཐོག་ཏུ་ཚུགས་དགོས་པའི་མངོན་འདོད་བཅངས་ཡོད། རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གི་འགྲོ་གྲོན་དེ་དག་ཨ་མི་རི་ཀའི་མི་དམངས་ཀྱི་ལག་ནས་དཔྱ་ཁྲལ་བསྡུས་པའི་གཞུང་གི་དངུལ་སྒོར་ཡིན་པ་བདེན་པ་ཡིན། ཡིན་ནའང་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གི་ལས་དོན་སྒྲུབ་ཕྱོགས་ཨ་མི་རི་ཀའི་ཕྱི་སྲིད་ལ་འབྲེལ་བ་མེད་ཅེས་དགག་པ་བརྒྱབ་ཡོད་པ་རེད།།

XS
SM
MD
LG