ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་བརྗོད་དོན་ལྟར་ན། དེང་སྐབས་སི་རི་ཡའི་མཐའ་མཚམས་ཀྱི་ཀོ་བྷ་ཎི་གྲོང་རྡལ་གྱི་གནས་སྟངས་དེ་ཉེན་ཚབས་ཇེ་ཆེར་སོང་སྟེ། མངའ་ཁུལ་དེའི་ས་གནས་མང་ཆེ་བ་ཁ་ཆེ་ཐད་སྐྱོད་པའི་རུ་ཚོགས་དེའི་དབང་སྒྱུར་འོག་ཏུ་ཚུད་ཡོད་ཅིང་། ཀུར་དི་མི་རིགས་ཀྱི་འཐབ་རྒོལ་བ་ཚོས་ཁ་ཆེ་དྲག་སྤྱོད་པ་ཚོར་འཐབ་རྒོལ་དང་གདོང་ལེན་བྱེད་ཀྱི་ཡོད་པ་དེས་གྲོང་རྡལ་དེ་སྲུང་སྐྱོབ་ཐུབ་པའི་རེ་བ་ཅུང་ཟད་ཡོད་འདུག འདི་ཙམ་ན་ཨི་རག་གི་མོ་སུལ་ཆུ་མཛོད་ཆེན་མོ་སྲུང་སྐྱོབ་བྱེད་མཁན་ཀུར་དི་ མི་རིགས་དང་ཨན་བྷར་ཞིང་ཆེན་དུ་འགྲེམ་འཇོག་བྱས་ཡོད་པའི་ཨི་རག་གི་གཞུང་དམག་ལ་རྒྱབ་སྐྱོར་ཆེད་དུ་ཨ་རིའི་མཐུན་ཕྱོགས་དམག་དཔུང་གིས་མཁའ་ཐོག་ནས་དྲག་སྤྱོད་པ་ཚོར་རྒོལ་རྡུང་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG