ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་སི་པན་གྱི་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་མི་དང་མཇལ་འཕྲད་གནང་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་རྗེས་ཡུ་རོབ་ཡུལ་གྲུ་ཁག་གསུམ་གྱི་འཚམས་གཟིགས་མཇུག་བསྒྲིལ་གནང་འདུག་པ་དང་། ཡོ་རོབ་བོད་མི་མང་སྤྱི་འཐུས་དང་སི་སན་བོད་ཁང་གི་འགན་འཛིན་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གསུངས་དོན་ལ་ སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉིན་གཉིས་རིང་སི་པན་དུ་བཞུགས་རྒྱུན་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གསར་འགོད་པ་སོགས་ལ་བོད་ནང་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་གནས་སྟངས་གཙོས་བོད་ནང་་གི་ཛ་དྲག་གནས་སྟངས་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ཐབས་ལམ་བརྒྱུད་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་ཇུས་རྒྱུན་འཛིན་གནང་རྒྱུའི་གལ་ཆེའི་རང་བཞིན་སྐོར་གསལ་བཤད་གནང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག་པ་དང་། ཁོང་གིས་ས་གནས་སུ་ཡོད་པའི་བོད་མི་ཚོར་ཡང་ཟུར་དུ་བཀའ་སློབ་གནང་ནས་ན་གཞོན་ཚོས་ཤེས་ཡོན་ལ་དོ་སྣང་ཆེ་ཙམ་བྱེད་དགོས་པ་མ་ཟད། རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་དགོས་སྐོར་བསྐུལ་མ་གནང་འདུག

XS
SM
MD
LG