ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨོ་སི་ཊོ་ལི་ཡས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་རུལ་སུངས་ཚོ་རྩིས་སྤྲོད་བྱ་འཆར།


རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཨ་སྒོར་དུང་ཕྱུར་མང་པོ་འཁྱེར་ནས་ཨོ་སི་ཊོ་ལི་ཡར་བྲོས་བྱོལ་དུ་ཕྱིན་ཡོད་ཅིང་། ད་ལྟ་ཨོ་སི་ཊོ་ལི་ཡའི་གཞུང་གིས་རྒྱ་ནག་ལ་མི་སྣ་དེ་དག་རྩིས་སྤྲོད་བྱ་རྒྱུ་དང་། ཁོང་ཚོའི་རྒྱུ་དངོས་རྣམས་ཕྱིར་བསྡུ་བྱ་རྒྱུ་བཅས་ལ་ཨོ་སི་ཊོ་ལི་ཡའི་ཉེན་རྟོག་པ་ཚོས་གང་སྤྱིའི་ཐད་དུ་རོགས་འདེགས་བྱ་རྒྱུའི་ཁས་ལེན་བྱས་འདུག དེ་ཡང་མཉམ་འབྲེལ་གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་དབུས་གཞུང་གི་ཉེན་རྟོག་པའི་འགན་འཛིན་ལ་གནད་དོན་དེའི་ཐད་ལ་གནས་འདྲི་བྱས་པ་ལྟར་ན། ཨོ་སི་ཊོ་ལི་ཡའི་དབུས་གཞུང་གི་ཉེན་རྟོག་པའི་འགན་འཛིན་གྱིས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ལྐོག་ཟ་རུལ་སུངས་པ་རྣམས་རྩིས་སྤྲོད་བྱེད་ཕྱོགས་སུ་རྒྱ་ནག་ལ་མཉམ་ལས་བྱས་ཏེ། ང་ཚོས་བདུན་ཕྲག་གཅིག་གི་ནང་ཚུད་དུ་ཨོ་སི་ཊོ་ལི་ཡར་བྲོས་བྱོལ་དུ་ཡོང་བའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོའི་རྒྱུ་དངོས་ཁག་ཅིག་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG