ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དཀར་ནག་གི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་དམག་སྦྱོང་།


རྒྱ་དཀར་ནག་གི་དམག་གིས་ཉེ་དུས་ལ་དྭགས་ཁུལ་དུ་འཐབ་རྩོད་བྱས་མིན་ལ་མ་ལྟོས་པར་ཕྱོགས་གཉིས་ཀྱི་དམག་གིས་ཕན་ཚུན་ཡིད་ཆེས་བསྐྲུན་ཐབས་སུ་ཟླ་བ་རྗེས་མར་རྒྱལ་ཁབ་གཉིས་ཀྱི་དམག་གིས་འཇིགས་བསྐུལ་རིང་ལུགས་པར་འཐབ་རྒོལ་ཇི་ལྟར་བྱ་དགོས་མིན་གྱི་དམག་སྦྱོང་ཞིག་རྒྱ་གར་གྱི་པུ་ན་གྲོང་ཁྱེར་བྱ་འཆར་ཡོད་ཅིང་། ད་ཐེངས་ཀྱི་དམག་སྦྱོར་འདི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ལ་བསམ་ཚུལ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་པ་དེ་དག་སེལ་རྒྱུར་དམིགས་པ་ཞིག་ཡིན་པ་དང་། སྲིད་བློན་མོ་རྡི་མཆོག་གི་དབུ་ཁྲིད་འོག་རྒྱ་གར་གཞུང་གིས་རྒྱལ་སྲུང་ཐོག་ཏུ་གྱོང་མཁྲེགས་ཆེ་བའི་སྲིད་བྱུས་ཤིག་འཛིན་གྱི་ཡོད་རུང་། རྒྱ་གར་གཞུང་གིས་ཐེངས་འདིར་དམིགས་བསལ་བྱས་ནས་དྲག་པོའི་དམག་སྦྱོང་བྱ་ཡུལ་དེ་པ་ཀིསྟཱན་གྱི་ཉེ་འགྲམ་གྲོང་ཁྱེར་ཞིག་ནས་གནས་སྤོ་བྱ་དགོས་པའི་རྒྱ་ནག་གི་འབོད་སྐུལ་ལ་མོས་མཐུན་གནང་སྟེ། ད་ཆ་དམག་སྦྱོང་དེ་རྒྱ་གར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་པུ་ནེའི་ནང་དུ་བྱ་རྒྱུའི་ཐག་ཆོད་འདུག ཐོག་མའི་འཆར་གཞི་ལྟར་ན་དམག་སྦྱོང་དེ་པ་ཀིསྟཱན་གྱི་ཉེ་འཁྲིས་སུ་ཡོད་པའི་རྒྱ་གར་བྱང་ཕྱོགས་ཀྱི་བྷཱ་ཁྲིན་ཌ་གྲོང་ཁྱེར་དུ་བྱ་རྒྱུ་བྱས་ཡོད་པ་རེད།།

XS
SM
MD
LG