ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༦ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་དཀར་མཛེས་ཁུལ། གསེར་རྟ་རྫོང་། གསེར་རྟའི་ཉེ་འགྲམ་གྱི་ཁྲོམ་གཞུང་དུ་བོད་མི་རྡོ་རྗེ་རིན་ཆེན་ནམ་རྡོ་རིས་ལགས་ཀྱིས་རླུང་ རྟ་གཏོར་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱི་ཁྲོམ་སྐོར་བྱེད་སྐབས་རྒྱ་ནག་གི་ཉེན་ རྟོག་པས་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་བོད་གཞུང་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། རྡོ་རྗེ་རིན་ཆེན་ལགས་ཀྱིས་ངོ་རྒོལ་སྐབས་རླུང་རྟ་གཏོར་ནས་བོད་ལ་རང་དབང་ཐོབ་ པར་ཤོག་ཅེས་སྐད་འབོད་བྱས་པར་བརྟེན་རྒྱ་ནག་གི་ཉེན་རྟོག་པས་ཁོང་གི་སྐྲ་ནས་འཇུས་ཏེ་བཙན་ཁྲིད་བྱས་ཡོད་འདུག སྐབས་དེར་བོད་མི་ཁག་གཅིག་གིས་ཀི་བརྒྱབ་སྟེ། ཕྲན་བུ་འགོག་ཐབས་བྱས་ཡོད་ནའང་། ཕན་ཐོགས་བྱུང་མི་འདུག

རྡོ་རྗེ་རིན་ཆེན་ལགས་ནི། གསེར་རྟ་རྫོང་ཧོར་ཤུལ་ཡུལ་ཚོ་ནས་ཡིན་པ་དང་། སྔོན་མ་གནུབས་ཟུར་དགོན་པའི་གྲྭ་པ་བྱེད་མྱོང་། ད་ལྟ་གསེར་རྟ་བླ་རུ་སྒར་དུ་ཚོང་ལས་གཉེར་ནས་བསྡད་ཡོད་པ་དང་། ཁོང་གི་མ་མིང་ལ་རིག་མཚོ་བརྗོད་ཀྱི་ཡོད།།

XS
SM
MD
LG