ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་མཁའ་ལམ་བརྒྱུད་ནས་ཀུར་དི་མི་རིགས་ལ་མཚོན་ཆ་གཡུགས་པ།


ཀུར་དི་མི་རིགས་ཀྱི་འཐབ་མོ་བ་ཚོས་ཁ་ཆེའི་རྒྱལ་འཛུགས་དྲག་སྤྱོད་པ་ཚོར་འཐབ་རྒོལ་དང་སི་རི་ཡའི་ས་མཚམས་ཀྱི་གྲོང་རྡལ་ཀོ་བྷ་ནེ་སྲུང་སྐྱོབ་བྱ་རྒྱུར་ཨ་རིའི་དམག་གིས་མཁའ་ལམ་བརྒྱུད་ནས་མཚོན་ཆ་དང་སྨན་སོགས་དགོས་མཁོའི་དངོས་པོ་མང་པོ་ཞིག་གཡུགས་ཡོད་ཅིང་། ཨ་རིའི་རོགས་རམ་དེས་གྲོང་རྡལ་དེ་སྲུང་སྐྱོབ་ཆེད་དུ་ཁ་ཆེའི་རྒྱལ་འཛུགས་དྲག་སྤྱོད་པར་གདོང་ཐུག་འཐབ་རྒོལ་བྱ་རྒྱུར་ཕན་ཐོགས་འབྱུང་སྲིད་ཀྱང་། ཨ་རིའི་ཐག་གཅོད་དེས་ཏུར་ཀི་དང་ཨ་རིའི་འབྲེལ་བར་གནོད་སྐྱོན་ཕོག་སྲིད་པའི་འགྲེལ་བརྗོད་ཀྱང་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་བྷ་རག་ཨོ་བྷ་མས་ཏུར་ཀིའི་སྲིད་འཛིན་ལ་རེས་གཟའ་སྤེན་པའི་ཉིན་ཞལ་པར་གནང་ནས་ཀོ་བྷ་ནེ་གྲོང་རྡལ་གྱི་གནས་སྟངས་སྐོར་བཀའ་བསྡུར་གནང་བ་དང་ཆབས་ཅིག ཁ་ཆེའི་རྒྱལ་འཛུགས་དྲག་སྤྱོད་པས་གྲོང་རྡལ་དེར་དཔུང་འཇུག་བྱ་རྒྱུ་འགོག་ཐབས་ལ་བཀའ་མོལ་གནང་ནས་ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་དེར་འཐབ་རྒོལ་བྱ་རྒྱུར་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་འགན་ལེན་བྱས་མོད། འོན་ཀྱང་རེས་གཟའ་ཉི་མའི་ཉིན་ཏུར་ཀིའི་སྲིད་འཛིན་གྱིས་སི་རི་ཡའི་ཀུར་དི་མི་རིགས་ལ་ཨ་རི་གཞུང་གིས་མཚོན་ཆ་རོགས་རམ་གནང་རྒྱུར་འགག་ཆ་གནང་སྟེ། ཁོང་གིས་སི་རི་ཡའི་ཀུར་དི་མི་རིགས་ཀྱི་སྒྲིག་འཛུགས་པི་ཀེ་ཀེ་ཞེས་པ་དེ་ཨ་རི་གཞུང་དང་ཏུར་ཀི་གཉིས་ཀས་སྔོན་མ་ནས་དྲག་སྤྱོད་པའི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་གསལ་བསྒྲགས་བྱས་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG