ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱེ་ན་ཌ་དང་། ཨ་མི་རི་ཀར་བདུན་ཕྲག་གསུམ་ཙམ་གྱི་རིང་ཆིབ་བསྒྱུར་མཛད་རྒྱུར་ཁ་ས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁྱོའོ་རྒྱལ་སྤྱིའི་གནམ་ཐང་རྒྱུད་ཆིབ་བསྒྱུར་མཛད་ཡོད་པའི་གནས་ཚུལ་ཞིག་ཐོན་ཡོད་པ་དང་། གང་ཉིད་ཕྱི་ཚེས་༢༠་ཉིན་ ཀྱེ་ན་ཌའི་ནང་ཕེབས་འབྱོར་མཛད་ཀྱི་ཡོད་ཅིང་། ཀྱེ་ན་ཌའི་ གྲོང་ཁྱེར་ཝེན་ཀུ་ཝའི་ནང་ཉིན་གསུམ་གྱི་བཞུགས་འཇགས་མཛད་རིང་དགེ་བཤེས་གླང་རི་ཐང་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང་། སེམས་ལ་འགྱུར་བ་བཏང་ཕྱོགས་སོགས་ཀྱི་གསུང་ཆོས་དང་བཀའ་སློབ་གནང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG