ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་རིང་ང་ཚོའི་གྲགས་ཅན་མི་སྣའི་ལས་རིམ་ནང་ ཡི་ཤུ་རྣམ་བདག་ཆོས་ལུགས་ཀྱི་བཙུན་མ་ཊེ་རི་སའི་ལོ་རྒྱུས་སྙིང་བསྡུས་ཤིག་ཞུ་རྒྱུ་ཡིན་པས་ ཨ་མ་ཊེ་རི་ས་ནི་དུས་རབས་༢༠་ཐམ་པའི་ནང་དབུལ་ཕོངས་དང་མཛེ་ནད་དང་དབང་པོ་སྐྱོན་ཅན་སོགས་ལ་ཕན་བདེ་སྒྲུབ་མཁན་རླབས་ཆེན་ཞིག་ལ་ ངོས་འཛིན་ཞུ་གི་ཡོད་པ་རེད།

དམ་པ་དེས་ཕྱག་ལས་དེ་འདྲ་གནང་དགོས་པའི་ཐོག་མ་ཤུགས་རྐྱེན་དེ་ཁོང་གི་ཡུམ་ནས་བྱུང་ཡོད་པ་དང་ཁོང་གི་ཡུམ་དེ་ནི་ཧ་ཅང་ཆོས་སེམས་ཅན་དང་དབུལ་ཕོངས་ལ་རོགས་རམ་གང་ཐུབ་གནང་མཁན་ཞིག་ཡིན་པས་ ཨ་མ་ཊེ་རི་ས་སྐུ་ན་ཕྲ་བའི་སྐབས་ལ་ཡུམ་དང་མཉམ་དུ་གྲོང་ཁྱེར་སོ་ཀོབ་ཡེ་ནང་ཉམ་ཐག་པ་རྣམས་ལ་སྦྱིན་པ་གཏོང་བར་ཕེབས་ཡོད་པ་དང་དུས་མཚུངས་ ཆོས་ཕྱོགས་ཀྱི་ཉམས་མྱོང་ངོ་མཚར་ཅན་ཞིག་བྱུང་བའི་རྗེས་ དགུང་ལོ་༡༨་ལ་ཡི་ཤུ་བཙུན་མ་གནང་རྒྱུའི་ཐག་གཅོད་གནང་སྟེ་ རང་གི་མི་ཚེ་ཧྲིལ་པོ་དཀོན་ཆོག་གི་དགོང་གཞི་ལྟར་ རྒྱ་གར་ནང་དབུལ་ཕོངས་དང་ནད་པ་དྭ་ཕྲུག་བཅས་ལ་ཞབས་འདེགས་ཞུ་རྒྱུར་རྒྱ་གར་ལ་ཕེབས་པ་རེད།

XS
SM
MD
LG