ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་བློན་མོ་རྡི་དང་མངའ་སྡེའི་གྲོས་ཚོགས་ཀྱི་འོས་འདེམས་ལ་འབྲེལ་ཡོད་པ།


རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་མངའ་སྡེ་གཉིས་ཀྱི་ནང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་བྱས་ཡོད་པ་ལྟར་ཆབ་སྲིད་དབྱེ་ཞིབ་བ་ཚོས་སྲིད་བློན་མོ་རྡི་ལ་མི་མང་གི་ཡིད་ཆེས་ག་འདྲ་ཡོད་མེད་ཚོད་ལྟ་བྱེད་ཡུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། མངའ་སྡེ་གཉིས་ཀྱི་འོས་འདེམས་དེ་སྲིད་བློན་མོ་རྡིའི་སྣེ་ཁྲིད་འོག་བྷ་ར་ཊ་ ཇཱན་ཏ་ ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པའི་རྗེས་རྒྱ་གར་གྱི་ནང་འོས་འདེམས་བྱས་པ་ཐེངས་དང་པོ་དེ་ཡིན་ཙང་། མངའ་སྡེ་དེ་གཉིས་ནང་བྷ་ར་ཊ་ ཇཱན་ཏ་ཚོགས་པ་ལ་རྒྱལ་ཁ་རག་ན་སྲིད་བློན་གྱི་དཔལ་འབྱོར་སོགས་ཀྱི་ལས་འཆར་ཁག་ལག་ལྟར་བྱེད་པར་ལས་སླ་པོ་ཆགས་ཀྱི་ཡོད་པའི་སྐོར།

XS
SM
MD
LG