ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

པ་ཀིས་ཏན་དང་རྒྱ་གར་གྱི་དཔུང་དམག་ས་མཚམས་སུ་འཁྲུག་འཛིངས་བྱུང་བའི་ཐད་གྲོས་མོལ།


པ་ཀིས་ཏན་དང་རྒྱ་གར་གྱི་དཔུང་དམག་ཀཤ་མིར་མངའ་ཁུལ་གྱི་ས་མཚམས་ཀྱི་ཕྱོགས་གཉིས་སུ་འཐབ་འཛིངས་བྱེད་འགོ་བཙུགས་ཏེ། ཉིན་ཤས་འགྲོ་གི་ཡོད་པ་དེའི་རིང་ལ་ཕན་ཚུན་གཉིས་ཕྱོགས་ཀྱི་མི་གྲངས་ཉི་ཤུ་ལ་སྲོག་སྐྱོན་དང་། བཅུ་ཕྲག་མང་པོར་རྨས་སྐྱོན་བྱུང་བ་མ་ཟད། ས་མཚམས་དེ་རྒྱུད་དུ་གནས་སྡོད་བྱེད་མཁན་མི་བརྒྱ་ཕྲག་མང་པོ་རང་ཁྱིམ་འདོར་ནས་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་སོགས། ཁུལ་དེའི་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་གྱུར་བའི་སྐབས་འདིར། གཟའ་མིག་དམར་ཉིན། ཕྱོགས་གཉིས་ཀའི་དམག་དོན་ལས་འགུལ་གྱི་སྤྱི་ཁྱབ་ཕན་ཚུན། ཛ་དྲག་གི་ཁ་དཔར་གཏོང་ལམ་བརྒྱུད་ནས་འབྲེལ་བ་བྱས་ཏེ། ས་མཚམས་སུ་དམག་འཐབ་བྱེད་པའི་ཛ་དྲག་གི་གནས་སྟངས་དེ་ལྷིང་འཇགས་སུ་འགྲོ་ཐབས་ཀྱི་ཐད་གྲོས་མོལ་བྱས་ཡོད་པའི་སྐོར།

XS
SM
MD
LG