ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བྱང་ཀོ་རི་ཡའི་འགོ་ཁྲིད།


བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གཟའ་འཁོར་དྲུག་ཙམ་རིང་ མང་ཚོགས་ནང་མཐོང་རྒྱུ་མེད་པའི་རྗེས་ རེས་གཟའ་མིག་དམར་ཉིན་གཞུང་འབྲེལ་གསར་ཤོག་ཞིག་གིས་ ཁོང་གི་འདྲ་དཔར་ཁ་ཤས་དཔར་བསྐྲུན་བྱས་ཏེ་ འགོ་ཁྲིད་འཚོ་གནས་ཡིན་པ་མ་ཟད་ཡུལ་དེའི་ནང་ཆབ་སྲིད་ཀྱི་དཀའ་རྙོག་ཀྱང་་མེད་པའི་རྣམ་པ་བསྟན་ཡོད་པ་རེད།

འོན་ཀྱང་གཞུང་འབྲེལ་གསར་ཤོག་དེའི་ནང་གི་འདྲ་དཔར་དེ་ཚོ་ག་དུས་བརྒྱབས་ཡོད་མེད་དང་ ཁོང་མང་ཚོགས་ནང་མཐོང་རྒྱུ་མེད་པའི་རྒྱུ་རྐྱེན་ཇི་ཡིན་དང་ འཁར་རྒྱུག་བཙུགས་དགོས་པའི་རྒྱུ་རྐྱེན་ཇི་ཡིན་སོགས་ཟུང་འབྲེལ་གསར་ཤོག་དེས་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།

སྐུ་ཞབས་ཀིམ་ཇོང་ཨུན་ནི་རང་ལོ་༣༡་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་ཁོང་ཕ་ཀིམ་ཇོང་ཨིལ་འདས་གྲོངས་སུ་གྱུར་བའི་རྗེས ཁོང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱི་འགན་ཁུར་བཞེས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG