ངོ་འཕྲད་བདེ་བའི་དྲ་འབྲེལ།

བོ་ཇོཤ་ཝ་ཝོང་གིས་རང་ལོ་༡༨ལ་སོན་པའི་སྐྱེས་སྐར་གྱི་ཉིན་མོར་བློ་འཚབ་ཡོད་པ་གསལ་བརྗོད་བྱས་ཡོད་པ།


ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་ཇོཤ་ཝ་ཝོང་གིས་ རེས་གཟའ་ཟླ་བའི་ཉིན་ཏེ་རང་ཉིད་རང་ལོ་ ༡༨ སོན་པའི་སྐྱེས་སྐར་གྱི་ཉིན་ མོར། སྨོན་འདུན་བྱ་རྒྱུ་གཙོ་བོ་ཞིག་ནི། ཧོང་ཀོང་གི་གྲོང་ཁྱེར་ཡོངས་ཁྱབ་ཏུ་ འཇིགས་སྣང་དང་དངངས་སྐྲག་ཇི་ཆེར་འགྲོ་བཞིན་པའི་སྐབས་འདིར། རང་གི་ ནང་མི་དང་། ཉེ་དུ་གཉེན་མཚན། སྤུན་གྲོགས་བཅས་ལ་གནོད་འཚེ་གང་ཡང་ མེད་པར་བདེ་ཐང་ངང་འཚོ་གནས་ཐུབ་རྒྱུ་དེ་ཡིན་ཞེས་བརྗོད་ཡོད་པ་དང་། ཝོང་ནི། ཧོང་ཀོང་གི་དམངས་གཙོའི་ངོ་རྒོལ་གྱི་ལས་འགུལ་གྱི་སྐབས་སུ། རང་དབང་ལྡན་པའི་འོས་བསྡུའི་ལས་འགུལ་གྱི་ཆེད་དུ། ཡིད་དབང་འཁྲོག་ནུས་ཀྱི་ ཁྱད་ཆོས་ལྡན་པའི་མགྲིན་ཚབ་པ་ཞིག་ཆགས་ཡོད་ཀྱང་། ཁོང་རང་ཉིད་ཀྱི་ སྐྱེས་སྐར་གྱི་ཉིན་མོའི་སྨོན་འདུན་གཙོ་བོ་དེ་ནི། ཆབ་སྲིད་ཀྱི་དམིགས་ཡུལ་ འགྲུབ་རྒྱུ་ལས་ལྷག་པའི་རང་ལ་སེམས་ཐག་ཉེ་བོ་ཡོད་མཁན་རྣམས་ལ་གནོད་ འཚེ་མེད་པར་འཚོ་ གནས་ཐུབ་རྒྱུ་དེ་ཡིན་པ་རེད། གནས་འཕྲིན་དྲ་རྒྱའི་ངོ་དེབ་ཀྱི་ཐོག རང་གི་་སྨོན་འདུན་ཁག་གསུམ་ཡོད་པ་རྣམས་ནི། རང་གི་ནང་མི་རྣམས་དང་། དགའ་རོགས་བོུ། རང་གི་སློབ་གྲོགས་ཕོ་མོ་རྣམས་ལ་གནོད་འཚེ་མི་ཡོང་བ་དེ་ཡིན་ཞེས་བརྗོད་ཡོད་འདུག

XS
SM
MD
LG