ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་ལྗོངས་སུ་བོད་རིགས་ལས་བྱེད་གསོ་སྐྱོང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ལྗོངས་སུ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་ལས་བྱེད་མི་སྣ་འབུམ་ གཅིག་ལྷག་ཡོད་པ་དང་། དེས་ལྗོངས་ཡོངས་ཀྱི་ལས་བྱེད་མི་སྣ་ཡོངས་ཀྱི་བརྒྱ་ཆའི་བདུན་ཅུའི་ཡན་ཟིན། གྲངས་ཀ་འདི་༡༩༦༥་ལོར་བོད་རང་སྐྱོང་ལྗོངས་བཙུགས་དུས་ཀྱི་ བོད་རིགས་གཙོ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མི་སྣ་བདུན་སྟོང་དྲུག་ བརྒྱ་དང་བརྒྱད་ཀྱི་ལྡབ་བཅུ་གསུམ་ཡིན་ཞེས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད།།

བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་ མཚམས་སྦྱོར་བྱས་པ་ལྟར་ན། བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་གྲངས་ཉུང་ མི་རིགས་ཀྱི་ལས་བྱེད་མི་སྣ་གསོ་སྐྱོང་བྱེད་པར་མཐོང་ཆེན་ནས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མི་སྣའི་དཔུང་སྡེ་གསོ་སྐྱོང་ བྱས་པ་དང་སྔ་གཞུག་ཏུ་རིམ་པ་སོ་སོའི་མགོ་ཁྲིད་ལས་གནས་སྟེང་བཀོད་སྒྲིག་བྱས་པ་ཡིན་ཟེར།།

དེ་དང་ལྷན་དུ་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་ད་ལོར་སྤེལ་བའི་ད་ལྟའི་བོད་ནང་གི་དབང་འཛིན་པ་ཞུ་བའི་སྙན་ཐོའི་ནང་བཀོད་པ་ལྟར་ན། བོད་ཁམས་ཡོངས་སུ་དབང་ཆ་མང་ཆེ་བ་རྒྱ་རིགས་ཀྱིས་དབང་འཛིན་བྱས་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་རྒྱ་རིགས་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དང་གྲོང་ཁྱེར་བདུན། མཚོ་སྔོན་ཞིང་ཆེན་ཟེར་བའི་རང་སྐྱོང་ཁུལ་༦་དང་། དཀར་མཛེས། རྔ་བ། ཀན་ལྷོ། བདེ་ཆེན་བཅས་རང་སྐྱོང་ཁུལ་བཞི་བོའི་དམར་ཤོག་དྲུང་ཆེ་༡༧་ནང་བོད་རིགས་༧་དང་རྒྱ་རིགས་༡༠། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་རྒྱུན་ལས་༡༥་ནང་བོད་རིགས་༦་དང་རྒྱ་རིགས་༩། དེ་བཞིན་གོང་གསལ་ས་ཁུལ་༡༧་གྱི་དམར་ཤོག་རྒྱུན་ལས་༣༣༩་ནང་བོད་རིགས་༧༨་དང་རྒྱ་རིགས་༡༤༠ཡོད་ཟེར། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་རིམ་པའི་གཙོ་འཛིན་༧་གྱི་ཁྲོད་བོད་རིགས་༣་དང་། ལྗོངས་དང་ཞིང་ཆེན་ཁུལ་རིམ་པའི་གཙོ་འཛིན་གཞོན་པ་༢༡༢་ཁྲོད་བོད་རིགས་༧༣་ལས་མེད་ཅེས་བཀོད་ཡོད་པ་རེད།།

XS
SM
MD
LG