ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ནང་ངོ་རྒོལ་དེ་ཨ་རིས་རྒྱུད་སྐུལ་བྱས་པ་ཞིག་རེད་ཅེས་རྒྱ་ནག་གིས་རྗོད་ཀྱི་ཡོད་པ།


ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་ས་གནས་མང་ཚོགས་ཀྱིས་ཐད་ཀར་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་དགོས་འདུན་བཏོན་ཏེ་ མང་ཚོགས་ཀྱིས་གཞུང་ལ་ཉིན་མང་པོ་ངོ་རྒོལ་བསྟུན་མར་བྱས་དང་བྱེད་བཞིན་ཡོད་པ་དེའི་རྒྱབ་ལ་ཨ་མི་རི་ཀ་ཡོད་ལུགས་རྒྱ་ནག་གཞུང་གིས་ཁག་དཀྲི་བྱས་ཡོད་པ་དང་ འོན་ཀྱང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་གི་ཁག་དཀྲི་དེ་ལ་ངོས་ལེན་གཏན་ནས་བྱས་མེད་ཅིང་ ཡང་མིང་འདོན་མ་བྱས་པའི་གསར་འགྱུར་ལས་ཁང་ཞིག་གིས་གནས་ཚུལ་སྤེལ་བ་ཞིག་རྒྱ་ནག་གཞུང་གཉེར་ཉིན་རེའི་གསར་ཤོག་གིས་ལུང་འདྲེན་བྱས་དོན་ལ་ ཨ་མི་རི་ཀའི་རྒྱལ་ཡོངས་མང་གཙོའི་ལམ་ལུགས་དར་སྤེལ་གཏོང་ཐབས་བྱེད་མཁན་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཀྱི་འགན་འཛིན་Louisa Greveཡིས་ཟླ་བ་གཅིག་ཙམ་ཞིག་གི་སྔོན་ལ་ཧོང་ཀོང་གི་མང་གཙོ་དོན་གཉེར་བའི་ལས་འགུལ་སྤེལ་མཁན་གྱི་འགོ་ཁྲིད་རྣམས་དང་ཐུག་འཕྲད་བྱས་ཏེ་ཧོང་ཀོང་གི་མང་གཙོའི་ལས་འགུལ་གྱི་སྐོར་གྲོས་བསྡུར་བྱས་ཡོད་པའི་འགྲེལ་བརྗོད་སོགས་བྱས་ཡོད་ཅིང་ དེའི་བར་ན་ ཧོང་ཀོང་གི་མང་གཙོ་དོན་གཉེར་བ་རྣམས་ཀྱིས་གཞུང་ལ་ངོ་རྒོལ་མུ་མཐུད་ནས་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར།

XS
SM
MD
LG