ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨུ་རུ་སུའི་དམག་མི་ཡཱུག་རེན་ས་མཚམས་ནས་ཕྱིར་འཐེན་བྱ་རྒྱུའི་བཀའ་བཏང་བ།


ཨུ་རུ་སུའི་སྲིད་འཛིན་པཱུ་ཀྲིན་གྱིས་ཨུ་རུ་སུའི་དམག་མི་ཡཱུག་རེན་ས་མཚམས་སུ་ཡོད་པ་དེ་དག་རཱོས་ཀྲོབ་མངའ་ཁུལ་དུ་དམག་སྦྱོང་མཇུག་བསྒྲིལ་ནས་ད་ལྟ་ཕྱིར་འཐེན་བྱ་དགོས་པའི་བཀའ་བཏང་ཡོད་པ་རེད་ཅེས་རུཡི་ཀྲར་གསར་སྤེལ་ཁང་ནས་གནས་ཚུལ་སྤེལ་འདུག

ཨུ་རུ་སུའི་སྲིད་འཛིན་པཱུ་ཀྲིན་མཆོག་གིས་ཨུ་རུ་སུའི་དམག་མི་ཕྱིར་འཐེན་བྱ་དགོས་པའི་བཀོད་ཁྱབ་བཏང་བ་དེ་ནི་རིང་མིན་བདུན་ཕྲག་རྗེས་མའི་ནང་ཨི་ཌ་ལིའི་གྲོང་ཁྱེར་མཱི་ལན་ནོ་ནང་གླིང་ཆེན་ཨེ་ཤེ་ཡ་དང་། ཡོ་རོབ་གཉིས་ཀྱི་འགོ་འཁྲིད་རྣམས་ཚོགས་འདུ་ཞིག་ཕྱི་ཟླ་ ༡༠ པའི་ཚེས་ ༡༦ ནས་ ༡༧ བར་འཚོག་གི་ཡོད་པའི་སྐབས་དེར་ཨུ་རུ་སུའི་སྲིད་འཛིན་པཱུ་ཀྲིན་དང་། ཡཱུག་རེན་གྱི་སྲིད་འཛིན་སྤོ་རོ་ཤེནཀོ་རྣམ་གཉིས་ཟུར་མཇལ་གནང་རྒྱུའི་མཛད་འཆར་ཡོད་སྟབས་སྲིད་འཛིན་པཱུ་ཀྲིན་གྱིས་གོམ་པ་སྔོན་དུ་སྤོས་པ་ཞིག་ཡིན་པ་རེད།

དེ་བཞིན་དམག་མི་ཕྱིར་འཐེན་བྱས་པ་དེ་བརྒྱུད་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དངུལ་ཁང་དང་། ནུས་ཤུགས་ཐོན་བསྐྱད་སྡེ་ཁག་ལ་དཔལ་འབྱོར་བཀག་སྡོམ་བྱས་པ་ནས་ཕྲན་བུའི་ལྷུག་ཏུ་འགྲོ་བའི་རེ་བ་ཞིག་ཀྱང་ཡོད་པའི་སྐོར།

XS
SM
MD
LG