ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་ཁྲིམས་དོན་དོན་གཉེར་བ་ཀུའོ་ཡུས་ཧྲན་དོ་དམ་བྱས་ཡོད་པ།


(苹果日报网站图片)
(苹果日报网站图片)

ལོ་ངོ་གཉིས་ཀྱི་གོང་དུ། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ཐད་ལྟ་སྤྱོད་མི་ མཐུན་པ་རྒྱ་མི་མིག་ལོང་བ་ཁྲེན་ཀོང་ཁྲེང་རྒྱ་ནག་ནས་བྲོས་བྱོལ་དུ་འགྲོ་ སྐབས། རོགས་པ་བྱེད་མཁན་གཙོ་བོ་ཞིག་ཡིན་པ་ཁྲིམས་དོན་དོན་གཉེར་བ་ ཞིག་རྒྱ་ནག་གི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་ཁྲིམས་དང་མ་མཐུན་པའི་སྒོ་ ནས་དོ་དམ་བྱེད་པའི་བྱ་སྤྱོད་འདི་ནི། རྒྱ་ནག་གཞུང་གིས། ཁྲིམས་དོན་དོན་ གཉེར་བ་རྣམས་ལ་གནོན་སྡོམ་མུ་མཐུད་བྱེད་པའི་ལས་འགུལ་ཞིག་གི་ ཆ་ཤས་ཤིག་ཆགས་ཀྱི་ཡོད་ཅེས་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་རྗོད་ཀྱི་ ཡོད་པ་རེད། ཁོང་གི་བཟའ་ཟླ་ཕན་ཧའེ་ཞ་ཡིས་རེས་གཟའ་ཉི་མའི་ཉིན་བརྗོད་ དོན་ལྟར་ན། རེས་གཟའ་ཕུར་བུའི་སྔ་དྲོར། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་ བདེ་འཇགས་སྲུང་སྐྱོབ་མི་སྣ་རྣམས་ཀྱིས། རྒྱལ་ས་པེ་ཅིང་གི་གྲོང་མཐའི་ས་ཁུལ་ ཞིག་གི་ནང་དུ་ཡོད་པའི་ཀུའོ་ཡུས་ཁྲེནརང་གི་སྡོད་ཁྱིམ་ནས་་དོ་དམ་བྱས་པ་ དང་ཆབས་ཅིག ཁོང་ལ་བདག་པའི་རིག་མཛོད་འཕྲུལ་འཁོར་དང་། ཨའི་ཕྷོན། ཨའི་པེཌ་སོགས་འཕྲུལ་རིག་ལག་རྩལ་དང་འབྲེལ་བའི་དངོས་ཆས་མང་པོ་ དཔང་པོའི་ཚུལ་དུ་མཉམ་འཁྱེར་བྱས་ཡོད་པ་དང་། ཁོང་དོ་དམ་བྱེད་དགོས་ དོན་ཅི་ཡིན་ཁྱིམ་ཚང་ལ་སྤྲད་པའི་བརྡ་ཡིག་ཅིག་གི་ནང་། ཁོང་གིས་འཁྲུག་པ་ སློང་གི་ཡོད་པའི་དོགས་པ་ཡོད་པའི་ཆ་ནས་དོ་དམ་བྱས་པ་ཡིན་ལུགས་བརྗོད་ ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG