ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ནང་ས་ཡོམ་ཞིག་བརྒྱབས་ཏེ་མི་གཅིག་ལ་སྲོག་སྐྱོན་དང་མང་པོར་རྨས་སྐྱོན།


རྒྱ་ནག་གི་ལྷོ་ནུབ་ས་ཁུལ་ཞིག་ཏུ་ས་ཡོམ་འགུལ་ཤུགས་ཆེན་པོ་ཞིག་ བརྒྱབས་ཏེ། མི་གཅིག་ལ་སྲོག་སྐྱོན་དང་སུམ་བརྒྱ་ལྷག་ལ་རྨས་སྐྱོན། གཞན་ཆིག་ འབུམ་ལྷག་སྡོད་ཁང་མེད་པར་གྱུར་བའི་རྗེས། རེས་གཟའ་ལྷག་པའི་ཉིན་ཁུལ་ དེའི་ནང་མྱུར་སྐྱོབ་ལས་མི་སྟོང་ཕྲག་མང་པོ་ཆེད་གཏོང་བྱས་ཡོད་པ་རྒྱ་ནག་གི་ གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ཞིག་གིས་གནས་ཚུལ་སྤེལ་ཡོད་པ་དང་། འགུལ་ཤུགས་༦་བྱས་པའི་ས་ཡོམ་དེ་རེས་གཟའ་མིག་དམར་གྱི་ཕྱི་དྲོ་ཙམ་ལ་ བྷར་མ་དང་ལཧོསེ་ས་མཚམས་དང་ཐག་ཉེ་བོ་ཡོད་པའི་ཧུ་ནན་ཞིང་ཆེན་གྱི་ ནང་བརྒྱབས་ཡོད་ལུགས་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ ཁང་ཤིང་ཧྭ་ཡིས་བརྗོད་ཡོད་འདུག ས་ཡོམ་དེ་མཚན་མོ་བརྒྱབས་པ་ལ་བརྟེན་ནས། སློབ་ཕྲུག་ལ་འཆི་རྨས་བྱུང་པའི་ གནས་ཚུལ་གང་ཡང་ཐོན་མེད་ཀྱང་། ཁུལ་དེའི་ནང་གི་སློབ་གྲྭའི་ཁང་པ་མང་ པོར་གཏོར་སྐྱོན་ཚབས་ཆེ་བྱུང་ཡོད་པ་དང་། ཤིན་ཧྭ་གསར་འགྱུར་ལས་ཁང་ གིས་གནས་ཚུལ་སྤེལ་དོན་བྱས་ན། སློབ་གྲྭ་བརྒྱ་ལྷག་གི་ཁང་པར་གཏོར་ སྐྱོན་བྱུང་སྟེ། གཏོར་སྐྱོན་བྱུང་པའི་ས་ཆའི་རྒྱ་ཁྱོན་མི་ཀྲར་གྲུ་བཞི་མ་ཆིག་ འབུམ་བདུན་ཁྲི་ལྷག་གི་ཁང་པ་རྣམས་ལ་ཞིག་གསོ་བྱེད་ཀྱི་ཡོད་ལུགས་ ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཞིག་གིས་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༠༨ ལོར་ཟི་ཀྲོན་ཞིང་ཆེན་གྱི་ནང་ས་ཡོམ་ཤུགས་ཆེན་ཞིག་བརྒྱབས་ ཏེ། སློབ་གྲྭའི་ཁང་པ་ཞིག་པའི་ས་རོ་རྡོ་རོའི་འོག སློབ་ཕྲུག་ལྔ་སྟོང་ལྷག་ལ་ སྲོག་སྐྱོན་བྱུང་པ་ལ་བརྟེན་ནས། སློབ་གྲྭའི་རྩིག་རྨང་བརྟན་པོ་ཡོད་མེད་ ཀྱི་གནད་དོན་དེ་ནི། རྒྱ་ནག་གི་ནང་དུ་ཚོར་སྐྱེན་སླ་བའི་གནད་དོན་ཞིག་ ཏུ་གྱུར་ཡོད་པ་དང་། སློབ་གྲྭའི་རྩིག་རྨང་བརྟན་པོ་མེད་པའི་དོན་རྐྱེན་ ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་ལ་ཐུག་ཡོད་པར་ཡོངས་གྲགས་ཀྱིས་ ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG