ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུལ་སྐོར་པ་བསད་པའི་དོགས་ཡོད་མི་སྣར་ཐའི་ལན་ཉེན་རྟོག་པས་མནར་གཅོད་བཏང་ཡོད་པ།


ཐའི་ལེ་ཊིའི་མཚོ་གླིང་གི་ས་གནས་ཀོ་ཏའོ་ནང་དབྱིན་ཇིའི་མི་ཁོངས་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་གཉིས་གསོད་མཁན་ཡིན་པར་དོགས་གཞི་བྱ་ཡུལ་ མ་ཡན་མར་གྱི་མི་སེར་ཐའི་ལན་ཊིའི་ནང་གནས་སྡོད་བྱེད་མཁན་གཉིས་ལ་ཐའི་ལེན་ཊིའི་ཉེན་རྟོག་པ་ཚོས་འདྲི་རྩད་བྱེད་པའི་སྐབས་ གློག་རྒྱུག་ལ་སོགས་པ་བེད་སྤྱོད་བྱས་ཏེ་འགྲོ་བ་མིའི་བཟང་སྤྱོད་ལས་ཡོངས་སུ་འགལ་བའི་སྡུག་སྦྱོང་མནར་གཅོད་བཏང་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་གནད་དོན་ལ་ རང་དབང་ཅན་གྱི་ཚོགས་སྡེ་ཞིག་གིས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་དགོས་པ་མ་ཟད་ མི་གསོད་མཁན་ཡིན་པར་སྐྱོན་འཛུགས་བྱ་ཡུལ་གཉིས་ལ་ལུགས་མཐུན་དང་ དྲང་བདེན་གྱི་ཐོག་ནས་ཁྲིམས་བཤེར་བྱེད་དགོས་པ་ཡིན་ཞེས་རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་ཉེས་ཡངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་བརྗོད་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG