ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་དེ་གཞན་གྱི་སེམས་ཁྲལ་མ་རེད་ཅེས་བཤད་པ།


རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེའིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་མངའ་དབང་བདག་ཐོབ་སྐོར་ལ་རྩོད་གླེང་འགྲིགས་འཇགས་ཡོང་རྒྱུ་དེ་རྒྱལ་ཁབ་གསུམ་པ་ཞིག་གིས་སེམས་འཚབ་བྱེད་དགོས་པའི་གནད་དོན་གང་ཡང་མ་རེད་ཅེས་བཤད་འདུག་པ་དང་། དེ་ཡང་རེས་གཟའ་ལྷག་པའི་ཉིན་པེ་ཅིན་ནང་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེའིས་འགྲེལ་བརྗོད་བྱས་དོན་ལ་ ལྷོ་རྒྱ་ནག་རྒྱ་མཚོའི་མངའ་དབང་བདག་ཐོབ་དང་འབྲེལ་བའི་རྩོད་རྙོག་རྣམས་འབྲེལ་ཡོད་རྒྱལ་ཁབ་ཚོ་གྲོས་མོལ་དང་གོ་བསྡུར་བྱས་ཏེ་སེལ་དགོས་པ་ལས་དེར་རྒྱལ་ཁབ་གསུམ་པ་ཞིག་ཐེ་བྱུས་བྱེད་རྒྱུ་མེད་པའི་རྒྱ་ནག་གི་ལངས་ཕྱོགས་གསལ་པོ་རེད་ཅེས་བཤད་འདུག དེ་ནི་ཉེ་དུས་རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷི་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་སྲིད་འཛིན་བྷ་རག་ ཨོ་བྷ་མ་དང་མཇལ་འཕྲད་གནང་བའི་རྗེས་རྒྱལ་ཁབ་གཉིས་དབུ་ཁྲིད་རྣམ་གཉིས་མཐུན་མོང་གི་བསྒྲགས་གཏམ་ཞིག་ཕྱིར་བསྒྲགས་གནང་ཡོད་པ་དེའི་ནང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་དབང་བདག་ཐོབ་སྐོར་ལ་རྩོད་རྙོག་ཡོད་པ། ཨ་རི་དང་རྒྱ་གར་གྱིས་སེམས་འཚབབྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་དེར་སྐྱོན་བརྗོད་ཀྱི་ལན་འདེབས་བྱས་པ་ཞིག་ཡིན་པ་རེད།

XS
SM
MD
LG