ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བའི་རྒྱུ་མཚན་ཁ་གསལ་དུ་འགྲོ་བཞིན་ཡོད་པ།


ལྷོ་ཨ་ཕྷི་རི་ཀའི་ཕྱི་འབྲེལ་དང་མཉམ་སྦྲེལ་ལས་དོན་ལྷན་ཁང་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐོངས་མཆན་ཝི་ས་འབུལ་ལམ་ཞུས་ ན། ལྷོ་ཨ་ཕྷི་རི་ཀའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་དོ་ཕོག་ཡོང་རྐྱེན་ཞིག་ཆགས་ཀྱི་ ཡོད་པའི་རྐྱེན་གྱིས་ཐོངས་མཆན་ཝི་ས་འབུལ་ལམ་ཞུ་སྟབས་བདེ་པོ་མེད་ལུགས་ བརྗོད་པ་དང་སྦྲགས། ལྷོ་ཨ་ཕྷི་རི་ཀའི་ནང་རྟེན་གཞི་བྱས་པའི་༧གོང་ས་མཆོག་ གི་སྐུ་ཚབ་དོན་གཅོད་ལས་ཁུངས་ལ། ༧གོང་ས་མཆོག་གི་ཐོངས་མཆན་ཝི་སའི་ སྙན་ཞུ་དེ། ཕྱིར་འཐེན་བྱེད་དགོས་པའི་འབོད་བསྐུལ་བྱས་པ་ལ་བརྟེན་ནས་ ཕྱིར་འཐེན་གནང་པ་རེད་ཅེས་བོད་དོན་རྒྱབ་སྐྱོར་བ་ Guy Lieberman ཞུ་བ་ཞིག་གིས་འགྲེལ་རྗོད་བྱེད་ཀྱི་ཡོད་པ་རེད།

འོན་ཀྱང་། གོང་ཞུས་ཀྱི་འགྲེལ་བརྗོད་དེ་དང་། ལྷོ་ཨ་ཕྷི་རི་ཀའི་གཞུང་གིས་། ༧གོང་ས་མཆོག་གི་ཐོངས་མཆན་ཝི་སའི་སྙན་ཞུ་ལ་དགོངས་བཞེས་གནང་ བཞིན་པའི་སྐབས་དེར། ༧གོང་ས་མཆོག་གི་མཛད་འཆར་ལ་འགྱུར་བ་ཐེབས་ཏེ་ ལྷོ་ཨ་ཕྷི་རི་ཀར་ཆིབས་བསྒྱུར་གནང་རྒྱུ་ཕྱིར་འཐེན་གནང་པ་ཡིན་ལུགས་ཀྱི་ འགྲེལ་བརྗོད་བྱས་པ་གཉིས་འགལ་ཟླར་གྱུར་གྱི་ཡོད་པ་ཡིན་འདུག སྔོན་འཆར་བྱས་ན། ཟླ་བ་འདིའི་ནང་ལྷོ་ཨ་ཕྷི་རི་ཀའི་གྲོང་ཁྱེར་ཀེབ་ཀྲའོན་ནང་ འཛམ་གླིང་གི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱི་ལྷན་ཚོགས་ཤིག་བསྐྱང་རྒྱུ་ཡིན་པའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ལྷན་ཞུགས་གནང་རྒྱུ་གནང་བ་དང་། ད་ཆ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ བཞེས་མྱོང་མཁན་རྣམས་ཀྱི་ལྷན་ཚོགས་བསྐྱང་ཡུལ་གྱི་ས་གནས་ལ་འགྱུར་བ་ གཏོང་སྲིད་པ་འདིས། ཀེབ་ཀྲའོན་གྲོང་ཁྱེར་ལ་དཔལ་འབྱོར་བཟོ་རྒྱུའི་གོ་སྐབས་ བཟང་པོ་ཞིག་མེད་པ་ཆགས་ཀྱི་ཡོད་པ་འདི་ནི། ༧གོང་ས་མཆོག་ལ་ཐོངས་ མཆན་ཝི་ས་མ་ཕུལ་བའི་སྐྱོན་ལས་བྱུང་པ་ཞིག་ཡིན་ལུགས་གྲོང་ཁྱེར་ཀེབ་ཀྲའོན་གྱི་གྲོང་ཁྱེར་སྤྱི་ཁྱབ་པས་རང་གི་གཞུང་ལ་སྐྱོན་རྗོད་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༡༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG