ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་གཙུག་ལག་སློབ་གཉེར་ཁང་དུ་བརྡུང་རྡེག་གི་དོན་རྐྱེན་ཞིག་བྱུང་ཡོད་པ།


ཧོང་ཀོང་གི་གཙུག་ལག་སློབ་གཉེར་ཁང་དུ་སློབ་འཁྲིད་གནང་མཁན་ཞིག་ལ། རྒྱ་ནག་གི་རྒྱབ་སྐྱོར་བ་ཞིག་གིས་ཁོང་ཁྲོ་ཆེན་པོ་བྱས་ཏེ་རྡུང་རྡེག་བཏང་བའི་དོན་རྐྱེན་གནས་ཚུལ་ཞིག་བྱུང་ཡོད་པ་དང་། གནས་ཚུལ་དེ་དངོས་སུ་མིག་མཐོང་ལག་ཟིན་བྱུང་མཁན་སློབ་གཉེར་བ་དེ་གྲས་ཀྱིས་བརྗོད་དོན་བྱས་ན། ཧོང་ཀོང་གི་(south China Morning Post) ཚགས་པར་གྱི་རྩོམ་སྒྲིག་པ་ཆེ་མོ། ཀི་ལིཕ་ བྷ་དྲླ། གཙུག་ལག་སློབ་གཉེར་ཁང་དེར་དུས་ནས་དུས་སུ་སློབ་འཁྲིད་གནང་བར་ཕེབས་ཀྱི་ཡོད་པ་ལྟར། གཟའ་ཟླ་བའི་ཉིན་ཡང་དེ་བཞིན་ཕེབས་ཏེ་སློབ་འཁྲིད་གནང་འགོ་ཚུགས་པའི་སྐབས་གློ་བུར་དུ་མི་གཅིག་ཡར་ལང་སྟེ། ཧོང་ཀོང་ནི་རྒྱ་ནག་གི་ཆ་ཤས་ཡིན་པས། འདི་གར་སློབ་ཚན་འཁྲིད་པའི་སྐབས་ཚང་མ་རྒྱ་ཡིག་དང་རྒྱ་སྐད་ཀྱི་ནང་འཁྲིད་དགོས་པ་ལས། དབྱིན་སྐད་ཀྱི་ནང་སློབ་ཁྲིད་བྱས་ན་འགྲིགས་ཀྱི་མེད་ཅེས་སྐད་འབོད་བྱས་པ་དང་ཆབས་ཅིག སློབ་འཁྲིད་གནང་མཁན་སྐུ་ཞབས་བྷ་དྲླ་ལ་རྡོག་རྒྱག་ཞུས་པ་དང་། དེབ་ཞུས་པ་སོགས་བྱས་ཡོད་པ་རེད། མི་དེ་ནི་སློབ་གཉེར་ཁང་དེའི་སློབ་གྲྭ་བ་མིན་པ་དང་། མི་དེ་ནི་རྒྱ་ནག་སྐམ་ས་ནས་ཡིན་པའི་རྣམ་པ་ཡོད་ལུགས་འབྲེལ་ཡོད་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG