ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀམ་སྦོ་ཀྲི་ཡའི་གཞུང་འཛིན་མི་སྣས་འགྲོ་བ་མིའི་ཐོག་ནག་ཉེས་བསགས་པའི་ཉེས་འཛུགས།


ཀམ་སྦོ་ཀྲི་ཡའི་གཞུང་འཛིན་མཐོ་རིམ་མི་སྣས་རང་ཉིད་ལ་རྒྱུ་ནོར་ལོངས་སྤྱོད་ཆེ་རུ་གཏོང་ཐབས་དང་དེ་བཞིན་རང་གི་དབང་ཆར་དོ་ཕོག་ཡེ་ནས་མི་འགྲོ་བ་བྱ་རྒྱུའི་ཆེད་དུ་དམིགས་ཏེ་ མི་གྲངས་འབུམ་མང་པོའི་ས་ཞིང་དང་སྡོད་གནས་བཙན་འཕྲོག་བྱས་པ་མ་ཟད་ ངན་སྤྱོད་དེ་ཚོ་སྤེལ་བའི་སྐབས་མི་གསོད་ཁྲག་སྦྱོར་དང་བཙན་གཡེམས་སོགས་བསམ་ཡུལ་ལས་འདས་པའི་གདུག་རྩུབ་ལག་ལྟར་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེ་བཏང་བ་འཐེར་འདོན་དང་སྦྲགས་ ཀམ་སྤོ་ཀྲི་ཡའི་མཐོ་རིམ་མི་སྣས་འགྲོ་བ་མིའི་ཐོག་ནག་ཉེས་ཚབས་ཆེན་བསགས་པའི་ཐོག་རྒྱལ་སྤྱིའི་ནག་ཉེས་ཁྲིམས་བཤེར་ཁང་གིས་རྟོག་ཞིབ་གནང་རོགས་ཞེས་འབྲེལ་ཡོད་ཁྲིམས་རྩོད་པས་ཞུ་སྙན་ཕུལ་ཡོད་པ། འདིའི་ཐད་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG