ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་སློབ་ཕྲུག་གི་འཐུས་མི་དང་གཞུང་བར་གྲོས་མོལ་བྱ་རྒྱུ་མོས་མཐུན་བྱུང་པ།


ཧོང་ཀོང་གི་མང་གཙོའི་ལས་འགུལ་གྱི་འཐུས་མི་དང་གཞུང་གི་དཔོན་རིགས་གྲོས་མོལ་བྱེད་རྒྱུ་མོས་མཐུན་བྱུང་ཡོད་པ་རེད། ངོ་རྒོལ་བས། གལ་སྲིད་སྲང་ལམ་ཐོག་ཏུ་ཡོད་པའི་ངོ་རྒོལ་བ་ལྷག་མ་རྣམས་སྲིད་གཞུང་གིས་བཙན་དབང་གི་སྒོ་ནས་སྡོམ་བྱས་ཚེ་གཞུང་དང་སློབ་ཕྲུག་གི་སྐུ་ཚབ་བར་གྲོས་མོལ་བྱེད་རྒྱུ་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་ཅེས་ངོ་རྒོལ་བ་ཚོས་བརྗོད་ཡོད། ངོ་རྒོལ་བྱས་ཏེ་བདུན་ཕྲག་གཉིས་འགྲོ་བའི་མཚམས་སུ་གཟའ་མིག་དམར་གྱི་སྔ་དྲོ་ནས་ངོ་རྒོལ་བྱེད་མཁན་ཉུང་དུ་འགྲོ་འགོ་ཚུགས་འདུག ངོ་རྒོལ་དུ་ཞུགས་མཁན་མི་གྲངས་ཉུང་དུ་ཕྱིན་ཡོད་ཀྱང་། གྲོང་ཁྱེར་གྱི་ལོ་རྒྱུས་ནང་མང་གཙོའི་ལས་འགུལ་ལྷམ་ལྷོང་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་གྱི་གནས་ཚུལ་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG