ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷར་མའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་འབོད་བསྐུལ།


རེས་གཟའ་ཟླ་བའི་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོཊ་པས་ འཛམ་གླིང་དངུལ་ཁང་ལ་འབུལ་ལམ་ཞུས་པའི་སྙན་ཞུ་ཞིག་གི་ནང་། འཛམ་གླིང་དངུལ་ཁང་གིས་བྷར་མའི་ཡུལ་ལ་འཛིན་པའི་ཐབས་བྱུས་ གསར་པའི་ནང་བྷར་མའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་ཁག་སེལ་ ཐབས་ཀྱི་ཐབས་བྱུས་བསྟེན་དགོས་པ་ཡིན་ཞེས་བརྗོད་ཡོད་པ་དང་། བྷར་མའི་ ནང་འཕྲད་བཞིན་པའི་དཀའ་རྙོག་གཙོ་ཆེ་རྣམས་ནི། ཡུལ་དེའི་གྲངས་ཉུང་མི་ རིགས་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་ཀྱི་མེད་པའི་སྐོར་དང་། ས་ཞིང་ བཙན་འཕྲོག་བྱས་པའི་དཀའ་ངལ་རྒྱ་ཁྱབ་ཏུ་ཡོད་པ། དེ་བཞིན་འཆར་གཞི་དང་ ལྡན་པའི་སྒོ་ནས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་ཀྱི་ཡོད་པ་ རྣམས་ནི། དཀའ་རྙོག་མང་པོ་ཡོད་པའི་ཁོངས་ནས་གཙོ་ཆེ་ཁག་ཡིན་པ་རེད། འཛམ་གླིང་དངུལ་ཁང་གིས། བྷར་མ་ཡུལ་གྱི་ནང་རྒྱུན་གནས་ཐུབ་པའི་འཛུགས་ བསྐྲུན་གྱི་ལས་གཞི་གསར་པ་ཞིག་ཚོད་ལྟའི་ཚུལ་དུ་ལག་བསྟར་བྱ་ཕྱོགས་ཇི་ དགེའི་ཐད་བསམ་ཞིབ་བྱེད་པའི་སྐབས་སུ། དང་པོ་ཡུལ་དེའི་ནང་གི་འགོག་ རྐྱེན་འཕྲད་གཞིར་གྱུར་པའི་དཀའ་རྙོག་རྣམས་སེལ་ཐབས་བྱེད་དགོས་པ་ཡིན་ ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་འབུལ་ལམ་ཞུས་པའི་སྙན་ཞུའི་ ནང་བརྗོད་ཡོད་པའི་སྐོར་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་དང་སྙན་སྒྲོན་ ཞུས་པ་ཞིག་གསན་གྱི་རེད།

XS
SM
MD
LG