ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་གི་སྐུ་ཚབ་དོན་ཁང་གི་དོན་གཅོད་ཟུར་པ་གསུམ་གྱིས། ཧོང་ཀོང་གི་སྤྱི་ཁྱབ་ལུངས་ ཅུན་ཡིང་ལ་ཡོངས་གྲགས་ཀྱི་གནས་འཕྲིན་ཞིག་གནང་སྟེ། གྲོང་ཁྱེར་དེའི་སྤྱི་ཁྱབ་ཀྱི་འོས་མི་རྣམས་སྔོན་ཚུད་ནས་གཏན་འཁེལ་བ་དེ་འདྲ་དགོས་པའི་རྒྱ་ནག་གཞུང་གི་ཐག་གཅོད་དེ་ནི། གཞི་རྩའི་ཁྲིམས་གཞི་དང་འགལ་བ་ཞིག་ཡིན་པ་མ་ཟད། ཧོང་ཀོང་དེ་བཞིན། དམངས་གཙོ་མཚན་ཉིད་ཚང་བའི་ལམ་ཕྱོགས་སུ་མདུན་བསྐྱོད་བྱ་རྒྱུར་འགོག་རྐྱེན་བཟོ་གཞི་ཞིག་རེད། དེ་འདྲ་སོང་ཙང་། ད་ལྟ་སྲང་ལམ་ཁག་གི་ཐོག་ཐོན་ཏེ་ཞི་རྒོལ་བྱེད་མཁན་དམངས་གཙོ་དོན་གཉེར་བ་རྣམས་ལ་གཞུང་གིས་གྲོས་མོལ་བྱས་ཏེ། དཀའ་རྙོག་འདི་ཞི་བའི་སྒོ་ནས་སེལ་ཐབས་བྱ་རྒྱུར་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG