ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀམ་པོ་ཅི་ཡ་གྲངས་ཉུང་མི་རིགས་ཀྱི་ངོ་རྒོལ།


ཀམ་པོ་ཅི་ཡའི་རྒྱལ་ས་པེ་ནམ་ཕན་ནང་རྟེན་གཞིས་བྱས་པའི་བྷེ་ཏ་ནམ་གྱི་གཞུང་ཚབ་ཀྱི་མདུན་དུ་རེས་གཟའ་ཉིན་མའི་ཉིན། ཀམ་པ་ཅི་ཡ་ཁེ་མར་མི་རིགས་༡༠༠ ལྷག་ཙམ་གྱིས་ངོ་རྒོལ་ཉིན་གཉིས་བསྟུན་མར་བྱས་ཏེ། ཀམ་པོ་ཅི་ཡ་མི་རིགས་ལ་དགོང་སེལ་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། བྷེ་ཏ་ནམ་གཞུང་ཚབ་ཀྱིས་ས་ཁུལ་དེ་སྔོན་མ་ནས་བྷེ་ཏ་ནམ་གྱི་ཆ་ཤས་ཤིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པར། ངོ་རྒོལ་བྱེད་མཁན་ཚོས་ཀམ་པ་ཅི་ཡ་ཀོ་རོམ་ས་ཁུལ་དེ་སྔོན་མ་ནས་ཁམ་བོ་ཊི་ཡའི་མངའ་ཁོངས་ཀྱི་ས་གནས་ཤིག་ཡིན་པ་འགྲེལ་བརྗོད་བྱས་ཏེ་ བྷེ་ཏ་ནམ་གཞུང་ཚབ་ཀྱི་མགྲིན་ཚབ་པས། ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་པར་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག་ཀམ་པོ་ཅི་ཡ་ཀོ་རོམ་གྱི་དངོས་གཞིའི་ལོ་རྒྱུས་དེ་བྷེ་ཏ་ནམ་གྱི་གཞུང་འབྲེལ་མི་སྣ་དེས་ཁས་ལེན་བྱེད་དགོས་པའི་དགོས་འདུན་བཏོན་་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་་དང་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG